ཟླ་རེའི་གསར་འགྱུར།

རྒྱ་གར་རྒྱལ་ཡོངས་འབྲིང་རིམ་སློབ་གྲྭ་ཁག་གི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་བྱས་པ།

གསར་འཕྲིན།

༄༅། །ཕྱི་ལོ་༢༠༡༣ ཟླ་༥ ཚེས་༢༧ ཉིན་རྒྱ་གར་རྒྱལ་ཡོངས་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་ (AISSCE) གྲུབ་འབྲས་གསལ་བསྒྲགས་གནང་ཡོད། འདི་ལོའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་གྲྭ་ཁག་༡༦ ནས་སློབ་ཕྲུག་གྲངས་༡༦༦༢ ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་༡༦༡༦ དངོས་སུ་འཛུལ་ཞུགས་བྱས་ཡོད་པ་དང། དེའི་ཁོངས་ནས་སློབ་ཕྲུག་གྲངས་ ༡༤༡༡ ཡིག་རྒྱུགས་འཕྲོད་ཡོད། བསྐྱར་དུ་ཡིག་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་༡༥༨ དང། རྒྱུགས་མ་འཕྲོད་པའི་སློབ་མ་གྲངས་༤༧། དེ་བཞིན་སློབ་ཕྲུག་གྲངས་༤༦ ཡིག་རྒྱུགས་ནང་འཛུལ་ཞུགས་བྱས་མེད། འདི་ལོའི་བོད་སློབ་ཁག་གི་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་འཕྲོད་པའི་བརྒྱ་ཆ་༨༧་༣༡ ཡིན་པ་དང་། དེའི་ནང་ནས་བུའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་༨༥་༩༦ དང་། བུ་མོའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་༨༨་༦༣ བཅས་ཡིན་འདུག བོད་མིའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཉིས་ཀྱི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་ཨང་རིམ་གཤམ་གསལ།

ཨང་། སློབ་གྲྭའི་མིང། རྒྱུགས་འཕྲོད་རྒྱ་ཆ། སྔ་ལོའི་རྒྱུགས་འཕྲོད་བརྒྱ་ཆ།
དོན་གྲུབ་གླིང་ནེ་རུ་རྗེས་དྲན། ༡༠༠ ༧༨་༢༦
གྷོ་པལ་སྤུར་བོད་ཁྱིམ། ༡༠༠ ༡༠༠
སེ་ལ་ཀུ་ཡེ་བོད་ཁྱིམ། ༡༠༠ ༡༠༠
མ་སུ་རི་བོད་ཁྱིམ། ༩༩་༣༢ ༨༩་༠༢
སྤོན་ཊ་གཏན་སློབ། ༩༨་༡༨ ༩༦་༩༧
ཌལ་ཧོར་གཏན་སློབ། ༩༦་༣ ༡༠༠
སྦེལ་ཀོབ་བོད་ཁྱིམ། ༩༥་༧༦ ༩༥་༨༣
ཀ་སྦུག་གཏན་སློབ། ༩༥་༤༥ ༩༧་༨༧
མོན་གྷོ་གཏན་སློབ། ༩༡་༣༧ ༡༠༠
༡༠ སིམ་ལ་གཏན་སློབ། ༩༠་༦༣ ༨༨་༤༦
༡༡ སྦེལ་ཀོབ་གཏན་སློབ། ༨༩་༦༦ ༡༠༠
༡༢ ཧ་སྤུར་གཏན་སློབ། ༨༥་༩༦ ༡༠༠
༡༣ ཌོ་ལན་ཇི་གཏན་སློབ། ༨༡་༢༥ དེ་སྔ་འཛིན་རིམ་བཅུ་གཉིས་མེད།
༡༤ རྡོར་གླིང་གཏན་སློབ། ༧༣་༠༣ ༧༨་༠༥
༡༥ མ་སུ་རི་གཏན་སློབ། ༧༡་༢༦ ༧༨་༦༥
༡༦ རྡ་སྟེང་བོད་ཁྱིམ། ༦༡་༢༤ ༨༦་༢༢

 བཅས་ཡིན་འདུག དེ་བཞིན་འདི་ལོའི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོར་བོད་སློབ་ཁག་གི་ནང་ནས་ཚན་རིག་སྡེ་ཚན་ཁོངས་ནས་རྩེ་ཕུད་སོན་པ་སེ་ལ་ཀུ་ཡེ་བོད་ཁྱིམ་སློབ་གྲྭའི་སློབ་མ་འཕྲིན་ལས་ཚེ་རིང་བླ་མ་ལ་བརྒྱ་ཆ་ ༩༢་༨ ཐོབ་ཡོད་པ་དང་། ཚོང་རིག་སྡེ་ཚན་ཁོངས་ནས་རྩེ་ཕུད་སོན་པ་མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་འཕྲིན་ལས་ལ་བརྒྱ་ཆ་ ༩༠་༤ ཐོབ་ཡོད།
    སྒྱུ་རྩལ་སྡེ་ཚན་ཁོངས་ནས་རྩེ་ཕུད་སོན་པ་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ཆོས་སྐྱིད་ལ་བརྒྱ་ཆ་ ༩༥་༤ ཐོབ་ཡོད། ཁོ་མོས་རྒྱལ་ཡོངས་རྒྱུགས་སྤྲོད་མཐའ་མའི་སྐབས་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ ཡན་ལོན་ཡོད་པར་བརྟེན། ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་གནང་བའི་སྲིད་སྐྱོང་སློབ་ཡོན་ཧིན་སྒོར་ ༡༠༠༠༠༠།༠༠ ཐོབ་མཁན་ཁོངས་སུ་ཚུད་ཡོད། སློབ་ཡོན་འདིའི་དགོས་དམིགས་གཙོ་བོ་ནི་སློབ་ཕྲུག་ཚོས་སློབ་སྦྱོང་ཐོག་བརྩོན་འགྲུས་གོང་སྤེལ་དང། རྒྱལ་ཡོངས་རྒྱུགས་སྤྲོད་སྐབས་གྲུབ་འབྲས་ལེགས་པ་ཡོང་ཆེད་ཡིན་འདུག
    ལས་རིགས་སྦྱོང་བརྡར་ཁོངས་ནས་རྩེ་ཕུད་སོན་པ་མོན་གྷོ་གཏན་སློབ་ཀྱི་སློབ་མ་བསྟན་འཛིན་ནོར་འཛིན་ལ་བརྒྱ་ཆ་ ༩༢་༦ ཐོབ་ཡོད་པ་བཅས།།

 

སྔོན་མ།
བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་སྤོག་རི་སྦོང་སཾ་བྷོ་ཊ་གཏན་སློབ་ཏུ་ཆིབས་སྒྱུར་བསྐྱངས།
ཕྱི་མ།
བུ་མོ་བསྟན་འཛིན་ཆོས་སྐྱིད་ལགས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་རྩེ་ཕུད་སོན་པ།
Menu