ཟླ་རེའི་གསར་འགྱུར།

རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས།

གསར་འཕྲིན།

༄༅། །རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༠༠ ཐོག་གསལ་བསྒྲགས་གནང་ཡོད།འདི་ལོའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་གྲྭ་ཁག་ ༢༧ གྱིས་འཛུལ་ཞུགས་བྱས་ཡོད། འོན་ཀྱང་སུ་ཇ་བོད་ཁྱིམ་གྱི་ཡིག་རྒྱུགས་གྲུབ་འབྲས་ལ་དཀའ་ངལ་ཞིག་འཕྲད་དེ་ད་ཆ་ཐོན་ཐུབ་མེད། དེར་བརྟེན་སློབ་གྲྭ་ཁག་ ༢༦ ནས་ཁྱོན་སློབ་ཕྲུག་གྲངས་ ༡༦༡༤ ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་ ༡༦༠༦ ཡིག་རྒྱུགས་ལ་དངོས་སུ་འཛུལ་ཞུགས་བྱས་ཡོད་པའི་ཁྲོད་ནས་སློབ་ཕྲུག་གྲངས་ ༡༥༩༦ ཡིག་རྒྱུགས་འཕྲོད་དེ་བརྒྱ་ཆ་ ༩༩.༣༨ ལོན་ཡོད། རྒྱ་གར་རྒྱལ་ཡོངས་རྒྱུགས་སྤྲོད་ཀྱི་བརྒྱ་ཆ་ ༩༨.༨༧ ལོན་ཡོད། བསྐྱར་དུ་ཡིག་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་ ༡༠ ཡོད། ཐེངས་འདིའི་ཡིག་རྒྱུགས་ནང་བུ་ ༨༡༡ འཛུལ་ཞུགས་བྱས་ཡོད་ཁོངས་ནས་ ༨༠༥ རྒྱུགས་འཕྲོད་ཡོད་པ་དང་། བུ་མོ་ ༧༩༥ འཛུལ་ཞུགས་བྱས་ཡོད་པ་ལས་ ༧༩༡ རྒྱུགས་འཕྲོད་འདུག དེ་ཡང་བུའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༩༩་༢༦ ཡིན་པ་དང་། བུ་མོའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༩༩་༥ ཡིན་འདུག འདི་ལོའི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་འཕྲོད་ཚད་ཀྱི་བརྒྱ་ཆ་དེ་བོད་སློབ་ཁག་གི་སྔ་ལོ་ལྟར་བུ་ལས་བུ་མོ་བརྒྱ་ཆ་ཅུང་ཙམ་མཐོ་བ་ལོན་ཡོད།
   དེ་བཞིན་འདི་ལོ་བོད་སློབ་ཁག་ ༢༦ ཁོངས་ནས་སློབ་གྲྭ་ ༡༩ རྒྱུགས་འཕྲོད་ཚད་བརྒྱ་ཆ་བརྒྱ་ནས་བརྒྱ་ལོན་ཡོད།   སྤྱིར་འདི་ལོའི་ཡིག་རྒྱུགས་གྲུབ་འབྲས་ནི་སྔ་ལོའི་ཡིག་རྒྱུགས་འཕྲོད་ཚད་ལས་བརྒྱ་ཆ་ ༠་༤༥ དམའ་བ་ཆགས་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་དེ་ཨང་ཐོབ་ཀྱི་ཚབ་ཏུ་སྡེ་ཚན་གྲལ་རིམ་ལམ་ལུགས་(Grading System) གསར་གཏོད་གནང་ཡོད་ཅིང། དེ་ཡང་འཛིན་རིམ་བཅུ་པའི་ཡིག་རྒྱུགས་སློབ་གྲྭ་རང་ཁོངས་སམ་དབུས་ཡིག་རྒྱུགས་ལྷན་ཁང་ནས་གཏོང་རྒྱུའི་གདམ་ག་ཡོད་ཀྱང་རྒྱུགས་འཕྲོད་ཨང་ཐོབ་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ལ་ཕུལ་ཏེ། ཡིག་རྒྱུགས་གྲུབ་འབྲས་གསལ་བསྒྲགས་དང་ལག་འཁྱེར་སྤྱི་མཚུངས་གནང་གི་ཡོད།

འཛིན་གྲྭ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་རེའུ་མིག

སྔོན་མ།
རིགས་ལམ་འདུ་འཛོམས་ཐེངས་བཞི་པའི་དབུ་འབྱེད་མཛད་སྒོ།
ཕྱི་མ།
༄༅། །ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན།
Menu