ཟླ་རེའི་གསར་འགྱུར།

རྒྱ་གར་ལྷོ་ཕྱོགས་བོད་སློབ་ཁག་གི་ནང་རིགས་ལམ་སློབ་ཁྲིད་རྟོག་ཞིབ་དང་རྒྱུས་སྟོན་གནང་བཞིན་པ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་རིགས་ལམ་རྒྱུས་སྟོན་པ་དགེ་བཤེས་ངག་དབང་བརྩོན་འགྲུས་ལགས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༩ ནས་ཕྱི་ཟླ་ ༣ ཚེས་ ༡༢ བར་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་སློབ་ཁག་གི་ནང་རིགས་ལམ་སློབ་ཁྲིད་རྟོག་ཞིབ་དང་འབྲེལ་རིགས་ལམ་རྒྱུས་སྟོན་གནང་དང་གནང་བཞིན་ཡོད། དེ་ཡང་ཟླ་ ༡ ཚེས་ ༣༠ ནས་ཟླ་ ༢ ཚེས་ ༣ བར་མོན་གྷོ་འདོད་རྒུ་གླིང་གཞིས་གྲོང་དྲུག་པ་དང་། ཟླ་ ༢ ཚེས་ ༤ ནས་ཚེས་ ༡༢ བར་མོན་གྷོ་སློབ་གྲྭ་དབུས་མ།
ཕྱི་ཚེས་ ༡༥ ནས་ ༡༩ བར་ཀོ་ལེ་གྷལ་དོན་ལྡན་གླིང་ཉིན་སློབ། ཕྱི་ཚེས་ ༢༢ ནས་ ༢༥ བར་ཧུན་སུར་རབ་རྒྱས་གླིང་། ཕྱི་ཟླ་ ༢ ཚེས་ ༢༦ ནས་ཟླ་ ༣ ཚེས་ ༡༢ བར་སྦེལ་ཀོབ་དབུས་བོད་སློབ་དང་སམ་བྷོ་ཊ། བོད་ཁྱིམ་བཅས་སུ་རིགས་ལམ་རྒྱུས་སྟོན་གནང་དང་གནང་མུས་སུ་མཆིས་ཤིང་། རིགས་ལམ་རྒྱུས་སྟོན་སྐབས་སློབ་ཕྲུག་རྣམས་ཀྱི་རིགས་ལམ་གནས་ཚད་རྟོག་ཞིབ་དང་འབྲེལ་ཆོས་དགེ་དང་མཉམ་འབྲེལ་གྱིས་རིགས་ལམ་སློབ་ཁྲིད་གོང་མཐོར་གཏོང་ཐབས་ཀྱི་སྐོར་ལམ་སྟོན་གོ་བསྡུར་ཞུ་བཞིན་ཡོད། དེ་སྔོན་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ནང་དྷ་སའི་གཡས་གཡོན་སློབ་གྲྭ་ཁག་གི་ནང་དེ་མཚུངས་རྒྱུས་སྟོན་གནང་ཡོད་པ་བཅས།།

སྔོན་མ།
གཞི་རིམ་འོག་མའི་འཛིན་རིམ་དང་པོ་དང་གཉིས་པའི་ཨང་རྩིས་སློབ་དེབ་བརྙན་འཕྲིན་སློབ་ཁྲིད་མཐའ་མའི་ཞུ་དག་དང་གཏན་འབེབས་ཚོགས་འདུ།
ཕྱི་མ།
ལྷོ་ཕྱོགས་གཞིས་ཆགས་ཁག་ལ་ཤེས་ཡོན་སྲིད་བྱུས་སོགས་ཀྱི་སྐོར་ཟབ་སྦྱོང་གོ་སྒྲིག་ཞུས་པ།
Menu