ཟླ་རེའི་གསར་འགྱུར།

རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་སྔ་ལས་ཕྲན་བུ་ཞན་དུ་ཕྱིན་འདུག

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༨ ཉིན་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(CBSE) ཀྱི་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་བའི་ནང་བོད་པའི་སློབ་གྲྭ་ཁག་ ༢༧ གྱི་སློབ་ཕྲུག་རྣམས་ཀྱི་གྲུབ་འབྲས་ནི་དེ་སྔ་ལས་ཕྲན་བུ་ཞན་དུ་ཕྱིན་འདུག དེ་ཡང་ཕྱི་ལོ་ ༢༠༡༤ ལོར་བོད་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་གྲངས་ ༡༦༠༦ གིས་ཆ་ཤས་ལེན་ནས་སློབ་ཕྲུག་གྲངས་ ༡༥༩༦ ཡིག་རྒྱུགས་ལོན་ཡོད། ཡིག་རྒྱུགས་འཕྲོད་མཁན་སློབ་ཕྲུག་གི་བརྒྱ་ཆ་ ༩༩༌༦ དང་། འདི་ལོར་བོད་པའི་སློབ་གྲྭ་ཁག་གི་སློབ་མ་གྲངས་ ༡༤༧༢ ཀྱིས་ཆ་ཤས་ལེན་པའི་ནང་སློབ་ཕྲུག་གྲངས་ ༡༤༢༣ ཡིག་རྒྱུགས་ལོན་ཡོད་པ་དང་། ཡིག་རྒྱུགས་འཕྲོད་མཁན་སློབ་ཕྲུག་གི་བརྒྱ་ཆ་ ༩༦༌༦༧ ཡིན།  སྔ་ལོའི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་ལས་འདི་ལོའི་ཡིག་རྒྱུགས་གྲུབ་འབྲས་ཕྲན་བུ་ཞན་དུ་ཕྱིན་ཡོད་པ་མངོན།
འདི་ལོའི་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(CBSE) ཀྱི་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་ནང་བོད་པའི་སློབ་གྲྭ་ ༢༧ ནས་སློབ་གྲྭ་ ༡༦ གིས་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༡༠༠ ནས་ ༡༠༠ ལོན་ཡོད།
འདི་ལོའི་བོད་པའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོའི་ནང་བུའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༩༥༌༣༥ དང་བུ་མོའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༩༩༌༦༠ བཅས་བུ་ལས་བུ་མོའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༤༌༢༥ མཐོ་བ་བྱུང་ཡོད།

རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་རེའུ་མིག

སྔོན་མ།
གཞི་རིམ་འོག་མའི་དགེ་རྒན་ཟབ་སྦྱོང་མཇུག་བསྒྲིལ།
ཕྱི་མ།
གཞི་རིམ་སློབ་གྲྭའི་ནང་ཆོས་བསླབ་གཞི་གཏན་འབེབས་ཚོགས་འདུ།
Menu