ཟླ་རེའི་གསར་འགྱུར།

ལྷོ་ཕྱོགས་གཞིས་ཆགས་ཁག་ལ་ཤེས་ཡོན་སྲིད་བྱུས་སོགས་ཀྱི་སྐོར་ཟབ་སྦྱོང་གོ་སྒྲིག་ཞུས་པ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢ ནས་ ༡༢ བར་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་དང་། ཤེས་ཡོན་འགན་འཛིན་ཟུར་པ་རྒྱལ་མཚན་རྣམ་གཉིས་ལྷོ་གཞིས་ཁག་ཏུ་ཆེད་བསྐྱོད་ཀྱིས་ཤེས་ཡོན་སྲིད་བྱུས་སོགས་ཀྱི་སྐོར་གོ་རྟོགས་སྤེལ།
དེ་ཡང་ཕྱི་ཟླ་ ༤ ཚེས་ ༢ ཉིན་སྦེལ་ཀོབ་ལུགས་བསམ་དང་། ཚེས་ ༣ ཉིན་བདེ་སླར། ཚེས་ ༤ ཉིན་ཅོ་ཀུར། ཕྱི་ཚེས་ ༦ ཉིན་ཧུན་སུར། ཕྱི་ཚེས་ ༧ ཉིན་ཀོ་ལི་གྷལ། ཕྱི་ཚེས་ ༡༠ དང་ ༡༡ ཉིན་མོན་གྷོ་བཅས་ལྷོ་གཞིས་ཁག་གི་ས་གནས་མི་མང་ལ་ཤེས་ལྷན་འགན་འཛིན་ནས་ཤེས་ཡོན་སྲིད་བྱུས་གཏན་འབེབས་ཀྱི་བརྒྱུད་རིམ་དང་གཏན་འབེབས་གནང་དགོས་པའི་དམིགས་ཡུལ། གཞན་ཡང་ཤེས་ཡོན་གྱི་ངོ་བོ་དང་ཤེས་ཡོན་སྤྲོད་པའི་དགོས་དམིགས། ཕ་མ་དང་འབྲེལ་ཆགས་ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་ཁག་ངོ་སྤྲོད་གནང་།
གཞན་ཤེས་ཡོན་འགན་ཟུར་པ་རྒྱལ་མཚན་ལགས་ཀྱིས་ཕ་མས་བུ་ཕྲུག་ལྟ་སྐྱོང་གནང་ཕྱོགས་དང་འབྲེལ་བའི་རྒྱལ་སྤྱིའི་ཞིབ་འཇུག་ཁག་གི་གྲུབ་དོན་ལ་གཞི་བཅོལ་ནས་རང་རེ་ཕ་མ་རྣམས་ནས་བུ་ཕྲུག་ལ་སློབ་གསོ་དང༌། ཤེས་ཡོན་སློབ་གསོའི་ལས་དོན་ཐོག་ཐུགས་ཁུར་དང༌། ཐབས་ལམ་གང་དང་གང་བསྟེན་དགོས་པ་སོགས་ཀྱི་གོ་རྟོགས་ལས་འཆར་གཞི་རྒྱ་ཆེར་སྤེལ་ཡོད་པ་དང༌། གོང་གསལ་ལས་འཆར་རིང་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ནས་རྣམ་གྲོལ་གླིང་གི་སློབ་དཔོན་བརྒྱད་ཅུ་ཙམ་ལ་སློབ་ཁྲིད་ཐབས་ལམ་དང་སློབ་ཁྲིད་འཆར་ཟིན། རྒྱུགས་སྤྲོད་ལམ་སྲོལ་གྱི་ཟབ་སྦྱོང་སྤྲད་པ་དང༌། ཤེས་ཡོན་འགན་འཛིན་ཟུར་པ་རྒྱལ་མཚན་ལགས་ཀྱིས་སེར་བྱེས་སློབ་གྲྭའི་དགེ་རྒན་རྣམས་ལ་སློབ་ཁྲིད་ཐབས་ལམ་དང་དགེ་རྒན་གྱི་ལས་འགན་ཐོག་ལ་ཟབ་སྦྱོང་ཕུལ་ཐུབ་པ་བྱུང་ཡོད།།

སྔོན་མ།
རྒྱ་གར་ལྷོ་ཕྱོགས་བོད་སློབ་ཁག་གི་ནང་རིགས་ལམ་སློབ་ཁྲིད་རྟོག་ཞིབ་དང་རྒྱུས་སྟོན་གནང་བཞིན་པ།
ཕྱི་མ།
བོད་མིའི་སློབ་གྲྭ་ཁག་གི་དཔེ་མཛོད་དོ་དམ་པ་ཁག་གཅིག་ལ་ཟབ་སྦྱོང་གནང་བ།
Menu