ཟླ་རེའི་གསར་འགྱུར།

ཤེས་ཡོན་སྲིད་བྱུས་དང་ཤེས་ཡོན་སྐོར་གོ་རྟོགས་ལས་འཆར་སྤེལ་བ།

གསར་འཕྲིན།
༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་བྷེལ་ཀོབ་བོད་མིའི་གཞིས་ཆགས་གསར་རྙིང་གཉིས་དང་། ཅོ་ཀུར་ས་གནས། ཧུན་སུར་བོད་མིའི་གཞིས་ཆགས་བཅས་ཀྱི་མི་མང་རྣམས་ལ་ཤེས་ཡོན་སྲིད་བྱུས་ཀྱི་གོ་རྟོགས་ལས་འཆར་སྤེལ་ཡོད། དེ་ཡང་སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་དང་ཤེས་རིག་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་གཉིས་ཀྱིས། ཕྱི་ཟླ་ ༩ ཚེས་ ༡༢ ནས་ ༡༨ བར་ཉིན་གྲངས་བདུན་རིང་། ཐེག་མཆོག་རྣམ་གྲོལ་གླིང་གི་སློབ་དགེ་རྣམས་ལ་སློབ་འཁྲིད་ཐབས་ལམ་ཟབ་སྦྱོང་སློབ་ཁྲིད་གནང་བའི་ཞོར་དུ་ཕྱི་ཚེས་ ༡༣ ཉིན་བྷེལ་ཀོབ་བདེ་སླར་དང་། ཕྱི་ཚེས་ ༡༤ ཉིན་ཅོ་ཀུར། ཕྱི་ཚེས་ ༡༦ ཉིན་ཧུན་སུར། ཕྱི་ཚེས་ ༡༧ ཉིན་ལུགས་བསམ་གཞིས་ཁག་གི་མི་མང་རྣམས་ལ་ཤེས་ཡོན་སྲིད་བྱུས་སྤྱི་དང་། བྱེ་བྲག་བུ་ཕྲུག་ལྟ་སྐྱོང་སོགས་ཤེས་ཡོན་དང་འབྲེལ་བའི་ལམ་སྟོན་དང་། མི་མང་གི་དོགས་འདྲི་ཁག་ལ་ལན་འདེབས་གནང་ཡོད་པ་བཅས།།
སྔོན་མ།
དབུས་བོད་སློབ་འཛིན་ཚོགས་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་མཛད་སྒོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་བ།
ཕྱི་མ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་གཉིས་པ།
Menu