ཟླ་རེའི་གསར་འགྱུར།

ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་ཡུལ་སློབ་གྲྭ་དང་སློབ་གྲྭ་གཞན་དབར་གྱི་སློབ་མའི་སྦྱངས་འབྲས་གཤིབ་བསྡུར་དང་། གྲུབ་འབྲས་ཉམས་ཞིབ་ལས་རིམ་འགོ་འཛུགས་ཞུས།

གསར་འཕྲིན།

༄༅། །ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་འདུའི་གྲོས་ཆོད་དགོངས་དོན་བཞིན།  ཕྱི་ལོ་ ༢༠༡༤ ཟླ ༡༡ ཚེས་ ༩ སྔ་དྲོ་ཚོུད་ ༡༠ ཐོག་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་ཡུལ་སློབ་གྲྭ་ཁག་དང་སློབ་གྲྭ་གཞན་དབར་གྱི་སློབ་མའི་སྦྱངས་འབྲས་གཤིབ་བསྡུར་དང་། གྲུབ་འབྲས་ལ་ཉམས་ཞིབ་གནང་མཁན་གྱི་ཁྱད་མཁས་ཚོགས་མི་རྣམས་དྷ་སར་ཆེད་བཅར་གྱིས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། ཤེས་རིག་དྲུང་ཆེ། ཤེས་རིག་གི་འབྲེལ་ཡོད་ལས་བྱེད་དང་མཉམ་དུ་ཚོགས་འདུ་བསྐྱངས་ཏེ། དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་ནས་ཞིབ་འཇུག་གནང་དགོས་པའི་དགོས་དམིགས་སོགས་ལམ་སྟོན་གནང་རྗེས་ཚོགས་ཆུང་གི་ཚོགས་མི་རྣམས་ནས་སློབ་ཁག་ཞིབ་འཇུག་གནང་ཕྱོགས་འབྲེེལ་བའི་སྐོར་ལ་གོ་བསྡུར་ལྷུག་པོ་གནང་།     ད་ལན་རྟོག་ཞིབ་ཚོགས་ཆུང་ནང་མ་སུ་རི་གནས་བཞུགས་ཌོག་ཊར་པ་ཝན་ཀུ་མར་གུབ་ཊ་དང་། ལྕམ་ཨ་ནུ་ར་ཌ་ཇོ་ཤི། དཔལ་ཁང་སློབ་གྲྭའི་སློབ་སྤྱི་ཉི་མ་དོན་གྲུབ། སེ་ར་བྱེས་འབྲིང་རིམ་སློབ་གྲྭའི་སློབ་སྤྱི་ཨ་ཅརྱཡ་རིན་ཆེན་ཚེ་རིང་། ཅེ་ནེའི་གཙུག་ལག་སློབ་ཁང་གི་སློབ་དཔོན་ཆེན་མོ་ཌོ་ཊར་ར་མུ་མ་ནི་ཝ་ན་ནམ་བཅས་ནས་ཕྱི་ཟླ་ ༡༡ ཚེས་ ༡༠ ནས་ ༢༡ བར་ཉིན་གྲངས ༡༢ རིང་སམ་བྷོ་ཊ་བོད་སློབ་དང་དབུས་བོད་སློབ་འཛིན་ཚོགས། བོད་ཁྱིམ་གཉིས་བཅས་ཀྱི་ཁྱབ་ཁོངས་ཏེ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དང་། དྷ་ཤོད་བོད་ཁྱིམ་སློབ་གྲྭ སྤོན་ཊ་སམ་བྷོ་ཊ་གཏན་སློབ། ར་ཇ་སྤུར་བོད་ཁྱིམ། མ་སུ་རི་གཏན་སློབ་ལ་གཟིགས་ཞིབ་གནང་གཏན་འཁེལ་ཡོད་པ་བཅས།

སྔོན་མ།
ཤེས་རིག་བཀའ་བློན་མཆོག་གིས་མ་སུ་རི་བོད་ཁྱིམ་གྱི་ཁང་ཚན་ནང་ཁུལ་རྒྱུག་མཆོང་འཕེན་གསུམ་གྱི་རྩེད་འགྲན་མཛད་སྒོར་གསུང་བཤད་གནང་།
ཕྱི་མ།
སློབ་གྲྭ་ཁག་ནང་བོད་ནང་གི་གནས་སྟངས་ངོ་སྤྲོད།
Menu