ཟླ་རེའི་གསར་འགྱུར།

ཤེས་རིག་དྲུང་ཆེ་མཆོག་ནས་ལྷོ་ཁུལ་སློབ་ཁག་ལ་གཟིགས་སྐོར།

གསར་འཕྲིན།

འདི་ག་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་དངོས་གྲུབ་ཚེ་རིང་མཆོག། ཕྱི་ཟླ་  ༨ ཚེས་ ༡ ཕྱི་དྲོ་དྷ་ས་ནས་ཕེབས་ཐོན་གྱིས་ཕྱི་ཚེས་  ༣ ཉིན་བྷེང་ལོར་དུ་(XSEED) ཚོགས་པ་ནས་གོ་སྒྲིག་ཞུས་པའི་སློབ་གྲྭའི་འགོ་ཁྲིད་ཀྱི་དཀའ་ངལ་སེལ་ཐབས་ཚོགས་འདུར་བཅར་བ་དང༌། དེའི་རྗེས་བྷེང་ལོར་ཁུལ་གྱི་མཐོ་སློབ་སློབ་མ་རྣམས་ལ་ལམ་སྟོན་དང་དྲི་བ་དྲིས་ལན་གནང༌།  དེ་ནས་ཕྱི་ཚེས་  ༥ དང་ ༦  བཅས་ལ་ཀོ་ལི་གྷལ་ཉིན་སློབ་གཟིགས་ཞིབ་དང༌། མང་ཚོགས་ལ་ལམ་སྟོན་བཀའ་སློབ་གནང༌།  ཕྱི་ཚེས་ ༧ སྔ་དྲོ་སྦེལ་ཀོབ་བོད་ཁྱིམ་དུ་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཐེངས་གསུམ་པ་དབུ་འབྱེད་གནང་བ་དང༌།  ཕྱེད་ཡོལ་བདེ་སླར་ཉིན་སློབ་གཟིགས་ཞིབ་དང་དགེ་ལས་སློབ་ཕྲུག་རྣམ་པར་མཇལ་འཕྲད་གནང༌། 
ཕྱི་ཚེས་  ༨ ཉིན་སྦེལ་ཀོབ་སློབ་གྲྭ་དབུས་མར་གཟིགས་ཞིབ་དང་འབྲེལ། སློབ་ཕྲུག་རྣམས་ལ་བཀའ་སློབ་དང་ཡན་ལག་སློབ་ཁག་ལ་གཟིགས་ཞིབ། ཕྱི་ཚེས་ ༩ ལ་བདེ་སླར་གཞིས་མི་རྣམས་ལ་ལམ་སྟོན་བཀའ་སློབ་དང༌།  ཕྱི་ཚེས་ ༡༠ ཉིན་ཧུན་སུར་ཉིན་སློབ།  ཕྱི་ཚེས་ ༡༢ དང་  ༡༣ བཅས་མོན་གྷོ་སློབ་ཁག་གཟིགས་ཞིབ་གནང་གཏན་འཁེལ་ཡོད་པ་བཅས།།
 

སྔོན་མ།
བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ས་རཱ་བོད་ཀྱི་སློབ་གཉེར་ཁང་དུ་གསུང་བཤད་གནང།
ཕྱི་མ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཐེངས་གསུམ་པ་འགོ་འཛུགས་ཞུས།
Menu