ཟླ་རེའི་གསར་འགྱུར།

ཤེས་རིག་དྲུང་ཆེས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་སློབ་ཁག་ལ་གཟིགས་ཞིབ་གནང་།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་འབུམ་རམས་པ་ངག་དབང་རབ་རྒྱས་ལགས། ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས ༡༤ ཉིན་སྦེལ་ཀོབ་སེར་བྱེས་གྲྭ་ཚང་གི་ཡིད་དགའ་ཆོས་གླིང་བསྟི་གནས་ཁང་དུ་འདི་ག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་གཞི་རིམ་བར་མའི་ཚན་རིག་དགེ་རྒན་རྣམས་ལ་རིགས་ལམ་བརྒྱུད་ནས་ཚན་རིག་སློབ་ཁྲིད་བྱེད་ཐབས་ཀྱི་ཟབ་སྦྱོང་དབུ་འབྱེད་དང་འབྲེལ་ལྷོ་ཕྱོགས་བོད་སློབ་ཁག་ལ་གཟིགས་ཞིབ་གནང་།  

ཕྱི་ཚེས ༡༥ ཉིན་སམ་བྷོ་ཊའི་ཁྱབ་ཁོངས་སྦེལ་ཀོབ་ཨར་ལི་ཀུ་མར་རི་དང་ཀེ་ལཤ་པུ་ར་གཞི་རིམ་འོག་མའི་སློབ་ཁག་གཉིས་དང་། ཕྱི་ཚེས ༡༦ ཉིན་སམ་བྷོ་ཊ་གོ་ལ་ཐ་ལའི་གཞི་རིམ་འོག་མ་དང་བདེ་སྐྱིད་སླར་གསོའི་ཉིན་སློབ། ཉིན་དེའི་ཕྱི་དྲོ་སྦེལ་ཀོབ་བོད་ཁྱིམ། ཕྱི་ཚེས་ ༡༧ ཉིན་སྦེལ་ཀོབ་སློབ་གྲྭ་དབུས་མ། ཕྱི་ཚེས་ ༡༨ ཉིན་ཅོ་ཀུར་གཞིས་སློབ། ཕྱི་ཚེས་ ༡༩ ཉིན་ཧུན་སུར་ཉིན་སློབ། ཕྱི་ཚེས ༢༠ ཉིན་ཀོ་ལི་གྷལ་ཉིན་སློབ། གཞན་ཡང་སློབ་ཁག་གི་གནས་སྟངས་གཟིགས་ཞིབ་དང་དགེ་རྒན་ཐུག་འཕྲད། དགེ་ལས་སློབ་ཕྲུག་བཅས་ལ་ལམ་སྟོན་བཀའ་སློབ་གནང་ནས་ཕྱི་ཚེས ༢༡ ཉིན་གྱི་སྔ་དྲོ་སྦེང་ལོར་བོད་ཁྱིམ་མཐོ་སློབ་ཏུ་གཟིགས་ཞིབ་དང་། ཉིན་དེའི་ཕྱི་དྲོ་སྦེང་ལོར་ཁུལ་དུ་སློབ་སྦྱོང་གནང་བཞིན་པའི་མཐོ་རིམ་སློབ་མ་རྣམས་ལམ་སྟོན་བཀའ་སློབ་དང་དྲི་བ་དྲིས་ལན་གནང་ཡོད་པ་བཅས། །

སྔོན་མ།
སྦེལ་ཀོབ་ཏུ་གཞི་རིམ་བར་མའི་ཚན་རིག་སློབ་དགེ་ཁག་གཅིག་ལ་རིགས་ལམ་སློབ་ཁྲིད་ཀྱི་ཐབས་ལམ་ཐོག་ནས་ཚན་རིག་སློབ་ཁྲིད་གནང་ཕྱོགས་ཐད་ཟབ་སྦྱོང་གོ་སྒྲིག་གནང་།
ཕྱི་མ།
བཀའ་བློན་མཆོག་གིས་རྒྱལ་སྤྱིའི་ཕ་སྐད་ཉིན་མོར་གསུང་བཤད་གནང་།
Menu