ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་མཆོག་གིས་འཛིན་གྲྭའི་དཔེ་མཛོད་ཁང་ལ་གཟིགས་ཞིབ་གནང་།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༡ ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ཤེས་རིག་ལས་ཁུངས་ཀྱི་གཞི་རིམ་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་བྱིས་པའི་ཀློག་རྩལ་ལས་གཞི་ཁོངས་གཏན་ཉིན་སློབ་གྲྭ་ཁག་ ༥༤ ཡི་འཛིན་རིམ་དང་པོ་ནས་གསུམ་པ་བར་གྱི་འཛིན་ཁང་ ༡༩༣ ནང་འཛིན་གྲྭའི་དཔེ་མཛོད་ཟུར་འཛུགས་གནང་རྒྱུ་དང་། འཛིན་ཁང་རེའི་ནང་སློབ་མའི་བློ་དང་འཚམས་པའི་སྒྲུང་དེབ་གྲངས་ ༤༠༠ ལྷག་མཁོ་སྤྲོད་གནང་འཆར་ཁོངས། ཐོག་མར་དཔེ་སྟོན་སློབ་གྲྭ་དང་དྷ་ཤོད་བོད་ཁྱིམ་གྱི་འཛིན་གྲྭའི་དཔེ་མཛོད་ཁང་བཅུ་ལེགས་གྲུབ་ཟིན་པ་རྣམས་ལ་གཟིགས་ཞིབ་དང་འབྲེལ། སློབ་མ་རྣམས་ལ་ལམ་སྟོན་གནང་ཡོད། དཔེ་སྟོན་སློབ་གྲྭ་དང་དྷ་ཤོད་བོད་ཁྱིམ་གྱི་འཛིན་གྲྭའི་དཔེ་མཛོད་ལ་གཞི་བཅོལ་ནས་སློབ་ཁག་ཚང་མར་འཛིན་གྲྭའི་ནང་དཔེ་མཛོད་ཟུར་འཛུགས་གནང་ཕྱོགས་ལམ་སྟོན་དང་འབྲེལ་དཔེ་དེབ་དང་། དགོས་དངུལ་ཁག་འགྲེམས་གཏོང་གིས་ཟླ་བ་གཉིས་ནང་ཚུད་སློབ་ཁག་ཚང་མའི་འཛིན་གྲྭའི་དཔེ་མཛོད་ཆ་ཚང་ལེགས་གྲུབ་ཟིན་པ་གནང་འཆར་ཡོད་པ་དང་། ཤེས་རིག་ལས་ཁུངས་ནས་ལས་འཆར་དེའི་ཁོངས་སུ་འདས་པའི་ལོ་གཉིས་ནང་གཞི་རིམ་འོག་མའི་དགེ་རྒན་ ༢༥༧ ལྷག་བྱིས་པའི་ཀློག་རྩལ་ཟབ་སྦྱོང་འབུལ་ལམ་ཞུས་ཟིན་པ་དང་། གཞི་རིམ་འོག་མའི་དགེ་རྒན་གྲངས་ ༡༡༩ ལ་བྱིས་པའི་ཀློག་རྩལ་ཟབ་སྦྱོང་འབུལ་འཆར་ངེས་པ་བཅས་ཁྱོན་གཞི་རིམ་འོག་མའི་དགེ་རྒན་ཆ་ཚང་ལ་ཀློག་རྩལ་ཁྲིད་ཐབས་དང་འབྲེལ་བའི་ཟབ་སྦྱོང་གོ་སྒྲིག་ཞུས་པའི་ལམ་ནས་སློབ་མའི་དཔེ་དེབ་ལྟ་ཀློག་གི་གོམས་གཤིས་གོང་མཐོར་གཏོང་ཐབས་ལ་དམིགས་བསལ་ཤུགས་སྣོན་སྐྱོན་བཞིན་ཡོད།
ལས་འཆར་དེ་བཞིན་ཨ་རི་བོད་ཀྱི་ཐེབས་རྩ་བརྒྱུད་ཨ་རི་རོགས་དངུལ་ཁོངས་ནས་སྤེལ་བ་ཞིག་ཆགས་ཡོད་པ་བཅས། །

སྔོན་མ།
བྱང་ཨ་མེ་རི་ཀའི་བོད་རིགས་གཟའ་མཇུག་སློབ་གྲྭ་ཁག་གི་སྔོན་འགྲོ་ནས་འཛིན་རིམ་གཉིས་པའི་སློབ་དེབ་གཏན་འབེབས་ཚོགས་འདུ།
ཕྱི་མ།
སྲིད་སྐྱོང་མཆོག་གིས་གནམ་གྲུ་བཟོ་གཏོང་རིག་རྩལ་ཐོག་སློབ་གཉེར་བྱེད་བཞིན་པའི་འཇིགས་མེད་ཚེ་རིང་ལགས་ཀྱིས་གཟེངས་ཐོན་གྲུབ་འབྲས་ལ་བསྔགས་བརྗོད་ཀྱི་གསར་འགོད་གསལ་བསྒྲགས་སྤེལ།
Menu