ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་རྒྱ་གར་བྱང་ཤར་ཁུལ་དུ་རྟེན་གཞི་བྱས་པའི་སཾ་བྷོ་ཊའི་སློབ་གྲྭ་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད།

དེ་ཡང་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༢ ཉིན་ལྡི་ལི་དང་། ཕྱི་ཚེས་ ༢༣ ཉིན་ར་སྦང་ལར་ཕེབས་ཐོན་གནང་སྟེ་ཕྱི་ཚེས་ ༢༤ ཉིན་ར་སྦང་ལ་སཾ་བྷོ་ཊ་སློབ་གྲྭའི་ཞོགས་ཚོགས་ཀྱི་ལས་རིམ་དང་། འཛིན་ཁང་། སྡེ་ཚན་ཁག་ལ་གཟིགས་ཞིབ་གནང་རྗེས་དགེ་ལས་སློབ་ཕྲུག་དང་སློབ་ཕྲུག་གི་ཕ་མ་བཅས་ཟུར་དུ་མཇལ་འཕྲད་ཀྱིས་ལམ་སྟོན་གསུང་བཤད་གནང་ཡོད། ལས་འཆར་ལྟར་ཀ་སྦུག་དང་། སོ་ན་ཌ། རྡོར་གླིང་སཾ་བྷོ་ཊའི་སློབ་གྲྭ་བཅས་སུ་རིམ་བཞིན་འཚམས་གཟིགས་གནང་རྒྱུ་ཡིན་པ་རེད།

ཤེས་རིག་བཀའ་བློན་མཆོག་གིས། ཐེངས་འདིའི་འཚམས་གཟིགས་ཀྱི་དམིགས་ཡུལ་གཙོ་བོ་ནི། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་གནས་སྟངས་རྒྱུས་ལོན་དང་། དགེ་ལས་སློབ་ཕྲུག་དང་ཕ་ཚབ་མ་ཚབ། སློབ་ཕྲུག་གི་ཕ་མ་བཅས་ལ་ལམ་སྟོན་གནང་སླད་ཡིན་པ་གསུངས་སོང་།

ཤེས་རིག་བཀའ་བློན་མཆོག་དང་ལྷན་དུ་སཾ་བྷོ་ཊ་སྤྱི་ཁྱབ་འགན་འཛིན་དང་། སྒེར་དྲུང་བཅས་ལྷན་བཅར་ཞུས་ཡོད་པ་བཅས།།




སྔོན་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་སྦེལ་ཇམ་ཁུལ་གྱི་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་སློབ་གྲྭ་ཁག་གཉིས་ལ་འཚམས་གཟིགས་ལེགས་གྲུབ་བྱུང་བ།
ཕྱི་མ།
༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་བརྩིར་ཤེས་རིག་བཀའ་བློན་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་བ།
Menu