ཟླ་རེའི་གསར་འགྱུར།

ཤེས་རིག་བརྡ་ཆད་ཚན་པས་ནུབ་བངྒཱལ་ཁུལ་གྱི་བོད་མིའི་འདུ་སྡོད་གཞིས་ཆགས་དང་། སློབ་གྲྭ། མཐོ་སློབ། དགོན་སྡེ་གྲྭ་ཚང་བཅས་སུ་ཐ་སྙད་གོ་རྟོགས་རྒྱ་ཆེ་སྤེལ་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༩ ནས་ ༡༦ བར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བརྡ་ཆད་ཚན་པས་རྒྱ་གར་ནུབ་བངྒཱལ་མངའ་སྡེའི་ཁུལ་གྱི་བོད་མིའི་འདུས་སྡོད་གཞིས་ཆགས་མང་ཚོགས་སློབ་སྒར་བཅས་ལ་ཐ་སྙད་གོ་རྟོགས་ཀྱི་ལས་རིམ་ཞིག་སྤེལ་ཡོད།

དེ་ཡང་ཐ་སྙད་ཚན་པའི་ལས་བྱེད་དབུ་མ་འཕྲིན་ལས་ལགས་དང་བསྟན་འཛིན་རབ་རྒྱས་ལགས་རྣམ་གཉིས་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱིས་ཕྱི་ཚེས་ ༩ ཉིན་གྱི་ཞོགས་པ་སོ་ནཱ་དཱ་སཾ་བྷོ་ཊ་སློབ་གྲྭའི་དགེ་སློབ་དང་། ཉིན་རྒྱབ་སོ་ནཱ་དཱ་བཀྲ་ཤིས་གླིང་བོད་མིའི་གཞིས་ཆགས་ཀྱི་མང་ཚོགས། ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པ་རྡོར་གླིང་སཾ་བྷོ་ཊ་སློབ་གྲྭའི་དགེ་སློབ་དང་། ཉིན་རྒྱབ་འཇམ་དབྱངས་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་དུ་སྐད་ཡིག་ཞབས་ཞུའི་འཐུས་མི། ཚོགས་པ་སྒྲིག་འཛུགས་ཁག་གི་འཐུས་མི་དང་མང་ཚོགས།ཕྱི་ཚེས་ ༡༢ ཉིན་ཀ་སྦུག་སཾ་བྷོ་ཊ་སློབ་གྲྭའི་དགེ་སློབ་དང་། དེ་བཞིན་ཉིན་རྒྱབ་ཀ་སྦུག་ས་གནས་མང་ཚོགས། ཀ་སྦུག་གཟའ་མཇུག་སྐད་ཡིག་ཚོགས་པའི་རྒྱུན་ལས།

ཕྱི་ཚེས་ ༡༣ རྡོར་གླིང་སྟག་བལྟར་རྟེན་གཞི་བྱས་པའི་ལྕགས་པོ་རི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་གི་དགེ་སློབ།ཕྱི་ཚེས་ ༡༥ ཉིན་ས་ལུ་སྒ་རར་རྟེན་གཞི་བྱས་པའི་ཨེ་ཝམ་གནུབས་ཆེན་གནམ་ལྕགས་བཙུན་དགོན་གྱི་དགེ་ལས་དང་བཙུན་མ་རྣམ་པ། ཕྱི་ཚེས་ ༡༦ ཉིན་ས་ལུ་སྒ་རར་རྟེན་གཞི་བྱས་པའི་དཔལ་ལྡན་སྲད་རྒྱུད་གྲྭ་ཚང་གི་ལས་སྣེ་རྣམ་པ་བཅས་ལ་ཐ་སྙད་ཀྱི་གལ་གནད་དང་། གཏན་འབེབས་བྱེད་ཕྱོགས་ཀྱི་བརྒྱུད་རིམ། ད་བར་ཐ་སྙད་གཏན་འབེབས་ཟིན་པའི་གྲངས་འབོར་དང་དེབ་ཕྲེང་འདོན་སྤེལ་ཇི་ཞུས། སློབ་སྡེ་དང་མང་ཚོགས་སུ་གོ་རྟོགས་སྤེལ་ཚུལ་སོགས་གློག་སྟོན་བརྙན་རིས་ལམ་ནས་འགྲེལ་བརྗོད་མཐིལ་ཕྱིན་ཞུས་པ་དང་སྦྲགས། འདྲི་རྩད་དང་དྲི་བ་དྲིས་ལན་བྱས་པ་བརྒྱུད་བགྲོ་གླེང་དང་གོ་རྟོགས་རྒྱ་ཆེར་སྤེལ་ཐུབ་པར་བྱུང་ཡོད། །

སྔོན་མ།
འཛིན་རིམ་དགུ་པའི་རྩིས་རིག་སློབ་དེབ་ཀྱི་བསྐྱར་ཞིབ་དང་གཏན་འབེབས་ཚོགས་འདུ།
ཕྱི་མ།
ཤེས་རིག་ལས་ཁུངས་ནས་རྡོར་གླིང་དང་ཀ་སྦུག་སཾ་བྷོ་ཊ་གཏན་སློབ་ཀྱི་འཛིན་རིམ་བཅུ་གཉིས་སློབ་ཕྲུག་རྣམས་ལ་མཐོ་སློབ་སློབ་འཇུག་གི་རྒྱུས་སྟོན་ཟབ་སྦྱོང་གནང་བཞིན་པ།
Menu