ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ཀྱི་བྱིས་པའི་འགུལ་བརྙན་གསར་པ་གསུམ།

གསར་འཕྲིན།, གསལ་བསྒྲགས།

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་  ༣ ཚེས་  ༣༡ ཉིན་ཤེས་རིག་ལས་ཁུངས་ནས་གསར་བཟོ་ཞུས་པའི་ཕྱོགས་ཚད་གསུམ་ལྡན་གྱི་འགུལ་བརྙན་གཅིག་དང་། བྱིས་པའི་གླུ་གཞས་འགུལ་བརྙན་གཉིས་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་སློབ་སྦྱོང་དྲྭ་ཚིགསདང་། ཡུ་ཊུབ་དྲྭ་བའིནང་དུ་ཤར་གཏོང་ཞུས་ཡོད་ལ། གཤམ་གྱི་དྲྭ་ཐག་བརྒྱུད་གཟིགས་རྒྱུ་ཡོད་པས་མ་འོངས་བོད་ཀྱི་སོན་རྩ་རྣམས་དང་རང་རིགས་ཕ་མ་རྣམ་པས་དགྱེས་གཟིགས་ཡོང་བ་ཞུ།

སྤྱིར་འགུལ་བརྙན་རིགས་ནི་བོད་ཕྲུག་རྒན་གཞོན་ཚང་མ་དང་། ལྷག་པར་བྱིས་པ་ཆུང་ཆུང་ཚོའི་སྐད་ཡིག་གོང་འཕེལ་དང་། རིག་གཞུང་ངོ་སྤྲོད། ལུས་སེམས་བདེ་སྐྱིད། བཟང་སྤྱོད་ཀྱི་བསླབ་བྱ། ཚན་རྩིས་ངོ་སྤྲོད། གཞས་དང་རོལ་མོའི་སྒྱུ་རྩལ་སོགས་བརྒྱུད་སྤེལ་སོགས་ལ་ཕན་ནུས་ཆེན་པོ་ཡོད་པ་བཞིན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་བོད་པའི་བྱིས་པ་ཡོངས་ཀྱི་ཆེད་དུ་འགུལ་བརྙན་རིགས་གང་ཐུབ་བཟོ་ཐབས་ཞུ་ཡི་ཡོད་པས། འདི་ལོ་ཕྱོགས་ཚད་གསུམ་ལྡན་གྱི་འགུལ་བརྙན་གཉིས་དང་། ཕྱོགས་ཚད་གཉིས་ལྡན་གྱི་འགུལ་བརྙན་ལྔ། བྱིས་པའི་གླུ་གཞས་འགུལ་བརྙན་བཅུ་བཅས་ཁྱོན་འགུལ་བརྙན་ ༡༧ བཟོ་ཐུབ་པ་བྱུང་ཡོད་པས་བོད་པའི་བྱིས་པ་ཡོངས་ཀྱིས་གཟིགས་རྒྱུའི་གོ་སྐབས་ཡོང་བར་སྨོན།

འགུལ་བརྙན་གསུམ་གྱི་འགྲོ་གྲོན་མཐུན་འགྱུར་གནང་མཁན་ཨ་རིའི་རོགས་ཚོགས་ (USAID) ཡིན།

ཕྱོགས་ཚད་གསུམ་ལྡན་གྱི་འགུལ་བརྙན།

༡། དྲན་པ་བརྗེད་སླ་བའི་ཨ་ཁུ་ཕག་པ། ལེའུ་བདུན་པ། རྗེས་ལུས་ཐེབས་པ།  https://www.youtube.com/watch?v=yUSmn3mR5pI

 བྱིས་པའི་གླུ་གཞས་འགུལ་བརྙན།

༡། བོད་ཀྱི་ལོ་གསར། https://www.youtube.com/watch?v=Ky39xGTm8h4

༢། སྤྲེའུ་ཆུང་ཆུང་ལྔ། https://www.youtube.com/watch?v=TkkiXKSLLSo

བྱིས་པའི་གླུ་གཞས། སྤྲེའུ་ཕྲུག་ཆུང་ཆུང་ལྔ།

བྱིས་པའི་འགུལ་བརྙན། དྲན་པ་བརྗེད་སླ་བའི་ཨ་ཁུ་ཕག་པ། ལེ་ཚན་བདུན་པ།

སྔོན་མ།
ཚན་རིག་སློབ་ཕྲུག་རྣམས་ཀྱི་ཆེད་ཉམས་གསོག་སྦྱོང་བརྡར།
ཕྱི་མ།
ཤེས་རིག་བཀའ་བློན་མཆོག་དང་། སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་རྣམ་གཉིས་ནས་རྒྱ་གར་བྱང་ཤར་ཁུལ་གྱི་སློབ་གྲྭར་འཚམས་གཟིགས་གནང་བ།
Menu