ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པས་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བདུན་པ་ནས་དགུ་པ་བར་གྱི་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ཟབ་སྦྱོང་གོ་སྒྲིག་གནང་བ།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པ་ནས་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༠ ནས་ ༢༤ བར་གོ་པལ་པུར་བོད་ཁྱིམ་སློབ་གྲྭར་འཛིན་རིམ་བདུན་པ་ནས་དགུ་པ་བར་གྱི་སློབ་ཕྲུག་རྣམས་ལ་དགུན་དུས་འགོ་ཁྲིད་ཟབ་སྦྱོང་གོ་སྒྲིག་གནང་ཡོད་པ་དང་། ཟབ་སྦྱོང་གི་སྐབས་ཟབ་ཁྲིད་པས་སློབ་ཕྲུག་རྣམས་ལ་དམིགས་ཡུལ་འཛིན་སྟངས་དང་། གནམ་གཤིས་འགྱུར་ལྡོག ཚན་རིག་དང་འཕྲུལ་ལས་རིག་པ། སྒྲུང་གཏམ་སོགས་ཀྱི་སྐོར་ཟབ་སྦྱོང་གནང་རྒྱུ་ཡིན་ཞིང་། ཟབ་སྦྱོང་དབུ་འབྱེད་མཛད་སྒོར་ཁེ་ཌའི་རོགས་ཚོགས་( Global Affairs Canada) ཀྱི་སྐལ་བཟང་དབང་འདུས་ལགས་དང་། གོ་པལ་པུར་བོད་ཁྱིམ་སློབ་གྲྭ་དང་དཔེ་སྟོན་སློབ་གྲྭའི་མདུན་ལམ་སློབ་སྟོན་པ་རྣམ་པ། དེ་བཞིན་དང་བླངས་དགེ་རྒན་སོགས་ཕེབས་ཡོད།

གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་ངེས་སྟོན་པ་སྐལ་བཟང་ཕུན་ཚོགས་ལགས་ཀྱིས། སློབ་ཕྲུག་ཚོས་ཟབ་སྦྱོང་གི་སྐབས་སུ་ཁ་གཡེང་མིག་གཡེང་བྱས་ནས་མ་བསྡད་པར་གང་ཐུབ་ཅི་ཐུབ་ཀྱིས་སྦྱང་བརྩོན་གནང་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད། དགུན་དུས་འགོ་ཁྲིད་ཟབ་སྦྱོང་གི་འགྲོ་གྲོན་ཆེད་དུ་ཁེ་ཌའི་རོགས་ཚོགས་( Global Affairs Canada) ཀྱིས་མཐུན་འགྱུར་གནང་ཡོད་པ་བཅས།།



སྔོན་མ།
བོད་པའི་དགེ་སློབ་ནས་སཱི་ཤེས་ཡོན་སློབ་གསོའི་ཚོགས་ཆེན་དུ་མཉམ་ཞུགས་གནང་བ།
ཕྱི་མ།
བྱང་ཤར་ཁུལ་གྱི་སྔོན་དགེ་དང་མེའོ་སཾ་བྷོ་ཊ་སློབ་གྲྭའི་དགེ་ལས་ཚོར་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་གནང་བ།
Menu