ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ཀྱི་ཟབ་སྦྱོང་ལེགས་གྲུབ་བྱུང་བ།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༨ ནས་ ༢༨ བར་དང་ཡང་ཟླ་ ༦ ཚེས་ ༥ ནས་ ༢༥ བཅས་ཉིན་ཉི་ཤུ་རྩ་གཅིག་གི་ཟབ་སྦྱོང་ཐེངས་གཉིས་གོ་སྒྲིག་ཞུས་ཡོད། ཟབ་སྦྱོང་དེ་ནི་རྒྱ་གར་དང་བལ་ཡུལ་ནང་རྟེན་གཞི་བྱས་པའི་བོད་མིའི་སློབ་གྲྭ་ཁག་གི་ནང་གཞི་རིམ་འོག་མ་དང་བར་མའི་སློབ་དགེ་ཁག་གཅིག་ལ་དབྱིན་ཡིག་སློབ་ཁྲིད་བྱ་རྒྱུའི་ཟབ་སྦྱོང་ English Language Teaching Workshops ཡིན་འདུག ཟབ་སྦྱོང་སྐབས་ཁྱོན་དབྱིན་ཡིག་དགེ་རྒན་ ༥༥ ཕེབས་ཁོངས་ནས་དགེ་རྒན་ ༢༩ གཞི་རིམ་འོག་མའི་དབྱིན་དགེ་ཡིན་པ་དང། ༢༦ གཞི་རིམ་བར་མའི་དབྱིན་དགེ་ཡིན་འདུག ཐེངས་འདིར་ཟབ་ཁྲིད་གནང་མཁན་རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་བསྟི་གནས་ཁང་ (National Council of Educational Research and Training) གི་སྐད་ཡིག་ཚན་པ་ནས་ཡིན་འདུག
    ཟབ་སྦྱོང་མཇུག་བསྡོམས་སྐབས་སྐུ་མགྲོན་གཙོ་བོར་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་དང་ཟབ་སྦྱོང་ལྷན་ཁང་གི་གཙོ་འཛིན་ལས་རོགས་གཙུག་ལག་སློབ་དཔོན་སྐུ་ཞབས་རཱ་ཇཱ་རམ་ཤར་མ་ལགས་ (Prof. Rajaram Sharma) དང། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས་དང་སྐལ་བཟང་དབང་འདུས་ལགས་བཅས་ཕེབས་ཡོད། དེ་སྔ་ཕྱི་ལོ་ ༢༠༠༥ ལོར་རྒྱལ་ཡོངས་སློབ་ཁྲིད་ཀྱི་རྩ་འཛིན་སྒྲོམ་གཞི་ཞིག་གཏན་འབེབས་གནང་བ་(National Curriculum Framework – 2005) དེར་རྩ་འཛིན་ཐོག་ཐེངས་འདིར་དབྱིན་སྐད་སློབ་ཁྲིད་བྱ་རྒྱུའི་ཟབ་སྦྱོང་དེ་བཞིན་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག དེར་བརྟེན་ཟབ་སྦྱོང་སྐབས་སྐད་ཡིག་སློབ་ཁྲིད་བྱ་རྒྱུའི་ཐབས་ལམ་གསར་པ་ཇི་ཡོད་དང། ད་བར་ལག་བསྟར་གནང་བཞིན་པའི་སྐད་ཡིག་སློབ་ཁྲིད་བྱ་རྒྱུའི་ཐབས་ལམ་དེར་གཞི་རྩའི་འགྱུར་བ་བཏང་ནས་ཐབས་ལམ་གསར་པ་ལག་བསྟར་གནང་ཕྱོགས་སོགས་ཡིན་འདུག
    ཟབ་སྦྱོང་སྐབས་རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་བསྟི་གནས་ཁང་གི་གཙོ་འཛིན་སྐུ་ཞབས་པར་ཝིན་སིན་ཁེ་ལེར་ལགས་ (Prof. Parveen Sinclair) དང་། ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས། ལྡི་ལི་སྐུ་ཚབ་དོན་གཅོད་བསྟན་པ་ཚེ་རིང་ལགས་སོགས་ཕེབས་ཡོད། ཟབ་སྦྱོང་ཆེད་དཔལ་འབྱོར་མཐུན་འགྱུར་གནང་མཁན་ཨ་རིའི་རོགས་སྐྱོབས་ཚོགས་པ་ (USAID) ཡིན་འདུག

སྔོན་མ།
སྔོན་འགྲོའི་དགེ་རྒན་རྣམས་ཡོངས་སྒྲིལ་ཤེས་ཡོན་གྱི་ཟབ་སྦྱོང་མཇུག་སྒྲིལ་བ།
ཕྱི་མ།
ལ་དྭགས་བོད་ཁྱིམ་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་གོ་སྒྲིག་གནང་བ།
Menu