ཟླ་རེའི་གསར་འགྱུར།

མ་སུ་རི་བོད་ཁྱིམ་དུ་ཟུར་སྦྱོང་དབུ་འཛུགས་གནང་བ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་དང་ཨ་ཝན་ཏི་ཕེ་ལོ་ (Avanti Fellows) ཞེས་པའི་ཚོགས་པ་གཉིས་མཉམ་འབྲེལ་ཐོག་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༩ ཉིན་མ་སུ་རི་བོད་ཁྱིམ་དུ་འཛིན་གྲྭ་གྲོལ་རྗེས་ཀྱི་ཟུར་སྦྱོང་ལས་རིམ་ཞིག་དབུ་འཛུགས་གནང་།
    དེ་ཡང་ཟུར་སྦྱོང་དབུ་འཛུགས་ཀྱི་མཛད་སྒོར་ཨ་ཝན་ཏི་ཕེ་ལོ་ཚོགས་པའི་འགན་འཛིན་སྐུ་ཞབས་ཨཀ་ཤེ་སཀ་སེ་ན་ (Mr. Akshay Saxena) ལགས་ཀྱིས་མ་སུ་རི་གཏན་སློབ་དང་བོད་ཁྱིམ་གཉིས་ཀྱི་ཚན་རིག་སློབ་ཕྲུག་དང་དགེ་རྒན། དེ་བཞིན་སློབ་གྲྭའི་འཛིན་སྐྱོང་འགན་འཛིན་བཅས་ཚང་འཛོམས་ཐོག་ལས་རིམ་འདིའི་དམིགས་ཡུལ་དང་ལས་ཀ་བྱེད་ཕྱོགས་སྐོར་ངོ་སྤྲོད་གནང་ཡོད། འདི་ལོའི་སྦྱོང་བརྡར་ལས་རིམ་འདིའི་ནང་མ་སུ་རི་གཏན་སློབ་དང་བོད་ཁྱིམ་གཉིས་ཀྱི་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ནང་ཨང་རྩིས་ཡོད་པའི་ཚན་རིག་སློབ་ཚན་བླངས་པའི་སློབ་མ་གྲངས་ ༢༤ ནས་མཉམ་ཞུགས་གནང་རྒྱུ་ཡིན་འདུག
    གོང་གསལ་ཚོགས་པ་དེའི་སྦྱོང་བརྡར་བསྟི་གནས་ཁང་གིས་རྒྱ་གར་ནང་གི་འབྱོར་འཁོས་ཞན་པའི་གཞི་རིམ་གོང་མའི་སློབ་ཕྲུག་རྣམས་ལ་མཁས་ལས་པའི་ཚུད་རྒྱུགས་དང་རྒྱ་གར་རྒྱལ་ཡོངས་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ཡག་པོ་སོན་ཆེད་ཚད་མཐོའི་ཚན་རིག་དང་ཨང་རྩིས་སྦྱོང་བརྡར་སྤྲོད་བཞིན་ཡོད། འདས་ལོའི་ནང་རྒྱ་གར་གྱི་སློབ་ཡོན་ཕོན་ཆེ་སྤྲོད་དགོས་སའི་སྦྱོང་བརྡར་བསྟི་གནས་ཁང་འགའ་ཞིག་ལས་གོང་འཁོད་ཚོགས་པའི་སྦྱོར་བརྡར་བསྟི་གནས་ཁང་ནས་སྦྱོང་བརྡར་སྤྲད་པའི་སློབ་ཕྲུག་རྣམས་ཀྱིས་གྲུབ་འབྲས་ཡག་པ་ཐོན་ཐུབ་པ་བྱུང་ཡོད།

སྔོན་མ།
བོད་པའི་སློབ་གྲྭ་ཁག་གཅིག་གི་ནང་སོའི་འཕྲོད་བསྟེན་སྐོར་སློབ་གསོ་གནང་བ།
ཕྱི་མ།
དགེ་རྒན་གྱི་ཤེས་ནུས་རྟོག་ཞིབ་གནང་ཕྱོགས་ཀྱི་ཚོགས་འདུ་བསྐྱངས་པ།
Menu