ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ཀྱིས་སློབ་ཡོན་སྒྲིག་གཞི་གསར་པའི་སྐོར་གོ་རྟོགས་སྤེལ་བ།

གསར་འཕྲིན།

༄༅། །ཉེ་ལམ་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་འཛིན་རིམ་བཅུ་པ་དང་བཅུ་གཉིས་པའི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་ཟིན་པས་བོད་ཕྲུག་མང་དག་ཅིག་ནས་མཐོ་སློབ་ཁག་ཏུ་སློབ་གཉེར་ཆེད་སློབ་ཡོན་འཚོལ་བཞིན་པ་དང་སྟབས་བསྟུན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཚན་པས་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༡༦ ནས་ ༡༩ བར་བོད་སློབ་ཁག་གི་མདུན་ལམ་སློབ་སྟོན་པ་དང་། ས་གནས་འགོ་འཛིན་ལས་ཁུངས་ཀྱི་འབྲེལ་ལས། སློབ་ཕྲུག ཕ་མ་བཅས་ལ་ཉེ་ལམ་བསྐྱར་བཅོས་ཟིན་པའི་སློབ་ཡོན་མཁོ་སྤྲོད་གནང་ཕྱོགས་ཀྱི་སྒྲིག་གཞི་གསར་པ་ངོ་སྤྲོད་གནང་ཡོད།

སྐབས་དེར་སློབ་ཡོན་ཚན་པའི་འགན་འཛིན་གྱིས་སློབ་ཡོན་མཁོ་སྤྲོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་གསར་པའི་ནང་བསྐྱར་བཅོས་ཇི་ཡོད་དང་། ཤེས་རིག་ལོ་འཁོར་སློབ་ཡོན་གསལ་བསྒྲགས། ཤེས་རིག་ལས་ཁུངས་ཀྱི་གཏན་འབེབས་ས་མིག་སོགས་ཀྱི་སྐོར་ངོ་སྤྲོད་དང་། དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས།།

སྔོན་མ།
གསར་གནས་ནོར་བཅོས།
ཕྱི་མ།
གཞི་རིམ་སློབ་གྲྭའི་ཚན་རིག་ཐ་སྙད་བོད་སྒྱུར་གྱིས་གཏན་འབེབས་ཚོགས་འདུ་ཐེངས་བཞི་པ་ལེགས་པར་གྲུབ་པ།
Menu