ཟླ་རེའི་གསར་འགྱུར།

ཨ་རིའི་ཐད་ཀའི་ལས་གཞིའི་འོག་བོད་ཀྱི་སྐད་ཡིག་སླར་གསོའི་ཆེད་བྱིས་སྒྲུང་སྒྲ་དེབ་དང་། བྱིས་པའི་འགུལ་བརྙན། དྲན་པ་བརྗེད་སླ་བའི་ཨ་ཁུ་ཕག་པའི་འགུལ་བརྙན་བཅས་བཟོ་སྐྲུན་ཞུས་པ།

གསར་འཕྲིན།

དྷ་རམ་ས་ལ།   དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ཨ་རིའི་ཐད་ཀའི་ལས་གཞིའི་འོག་བོད་ཀྱི་སྐད་ཡིག་སླར་གསོའི་ཆེད་བྱིས་སྒྲུང་སྒྲ་དེབ་ ༡༨ དང་། བྱིས་པའི་འགུལ་བརྙན་གླུ་གཞས་གྲངས་ལྔ། དྲན་པ་བརྗེད་སླ་བའི་ཨ་ཁུ་ཕག་པའི་འགུལ་བརྙན་ལེའུ་ལྔ་པ་བཅས་བཟོ་སྐྲུན་གྱིས་ཤེས་རིག་བོད་ཡིག་སློབ་སྦྱོང་དྲྭ་ཚིགས་དང་། ཡུ་ཊུབ་དྲྭ་བའི་ནང་དུ་ཤར་གཏོང་བྱས་ཡོད་པས་གཤམ་འོག་གི་དྲྭ་ཐག་བརྒྱུད་གཟིགས་ཐུབ་པ་དང་། དེ་བཞིན་བོད་དེབ་གྲགས་ཅན་གྲངས་ ༡༠ བསྐྱར་སྐྲུན་གྱིས་རྒྱ་གར་དང་བལ་ཡུལ་དུ་རྟེན་གཞི་བྱས་པའི་གཞི་རིམ་བར་མ་ཡན་གྱི་བོད་སློབ་ཁག་ལ་འགྲེམས་སྤེལ་ཞུས་ཡོད།

བོད་ཡིག་སློབ་སྦྱོང་དྲྭ་ཚིགས།       https://bodyiglobjong.com/gallery/

ཡུ་ཊུབ་སྦྲེལ་ཐག          https://www.youtube.com/channel/UCNh8a6y0xLGwayzKXByBrAA

 

སྔོན་མ།
བོད་མིའི་སྒྲིག་འཛུགས་ཀྱིས་སློབ་གྲྭ་དྲུག་རྩིས་ལེན་ཆེད་རྒྱ་གར་ཤེས་རིག་བློན་ཆེན་ལས་ཁུངས་དང་ལྷན་དུ་ཚོགས་འདུ་འཚོགས་ཡོད།
ཕྱི་མ།
དགེ་སློབ་རྩོམ་འབྲིའི་གསལ་བསྒྲགས།
Menu