ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་དང་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གིས་སློབ་གྲྭའི་ཕ་མ་ཚོགས་ཆུང་གི་ཚོགས་མི་རྣམས་ལ་སྦྱོང་བརྡར་གནང་བ།

གསར་འཕྲིན།


༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གཉིས་མཉམ་འབྲེལ་གྱིས་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༡ ཉིན་ནས་འགོ་བཙུགས་ཏེ་ཕྱི་ཚེས་༣༠ བར་དྲ་ལམ་བརྒྱུད་སློབ་གྲྭའི་ཕ་མ་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱི་ལས་དོན་གནང་ཕྱོགས་ཡར་རྒྱས་གོང་མཐོར་གཏོང་ཐབས་སུ་དམིགས་ཏེ་སློབ་གྲྭའི་ཕ་མ་ཚོགས་ཆུང་གི་ཚོགས་མི་རྣམས་ལ་ཟབ་སྦྱོང་གནང་དང་གནང་གཏན་འཁེལ་ཡོད།
དེ་ཡང་ཟབ་སྦྱོང་གི་སྐབས་སློབ་གྲྭའི་ཕ་མ་ཚོགས་ཆུང་གི་ཚོགས་མི་རྣམ་པས་སོ་སོའི་འབྲེལ་ཡོད་སློབ་གྲྭ་ནས་ལས་དོན་ཇི་སྤེལ་སྐོར་སྙན་སྒྲོན་གནང་ཡོད་པ་མ་ཟད། ཤེས་རིག་ལས་ཁུངས་ཀྱི་ཕ་མ་ཚོགས་ཆུང་གི་ལས་གཞི་ཡར་རྒྱས་གཏོང་ཕྱོགས་སྐོར་ལའང་ལེགས་སྤེལ་ཉེས་འགོག་གི་དགོངས་ཚུལ་ལྷུག་པོར་གསུངས་ཡོད། སྦྱོང་བརྡར་སྤྲོད་མཁན་རྣམ་པས་སློབ་གྲྭའི་ཕ་མ་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས་ལེགས་སྤེལ་ཉེས་འགོག་གི་དགོངས་ཚུལ་གསུངས་པ་གཞིར་བཞག་ཐོག་ལས་དོན་གནང་ཕྱོགས་འཕེལ་རྒྱས་སུ་གཏོང་ཐབས་སྐོར་ལམ་སྟོན་གནང་ཡོད།

ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༣༡ ཉིན་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་ཕ་མ་ཚོགས་ཆུང་གི་ཚོགས་མི་རྣམས་ལའང་གོང་མཚུངས་བརྗོད་གཞི་དང་འབྲེལ་བའི་སྐོར་སྦྱོང་བརྡར་གནང་གཏན་འཁེལ་ཡོད། བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལོ་ ༢༠༢༠ ཟླ་ ༣ ནས་ཕྱི་ལོ་ ༢༠༢༢ ཟླ་ ༢ བར་སློབ་གྲྭའི་ཕ་མ་ཚོགས་ཆུང་གྲངས་ ༢༨ ཀྱི་ཚོགས་མི་གྲངས་ ༡༧༠ ཙམ་ལ་ཕ་མ་ཚོགས་ཆུང་གི་རྩ་འཛིན་ལམ་སྟོན་དང་ལས་འགན་སྐོར་སྦྱོང་བརྡར་དང་། དེ་བཞིནཕ་མ་ཚོགས་ཆུང་གི་ལས་འགན་སྐོར་གྱི་དཔེ་དེབ་གྲངས་ ༡༩༡ བགོ་འགྲེམས་གནང་ཡོད་པ་བཅས།།

སྔོན་མ།
༢༠༢༢ ལོར་རི་ཅཊ་སོན་ཐེབས་རྩའི་སློབ་ཡོན་གསལ་བསྒྲགས།
ཕྱི་མ།
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་སློབ་ཕྲུག་ཕོ་མོའི་ཁམས་དང་དགོས་མཁོ་གཞིར་བཟུང་སློབ་ཁྲིད་གནང་ཕྱོགས་ཀྱི་དྲ་ཐོག་ཟབ་ཁྲིད་གོ་སྒྲིག་གནང་བ།
Menu