ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་ཁྱིམ་ཚང་ཨ་མ་རྣམས་ལ་བྱིས་པའི་ཀློག་རྩལ་དང་འབྲེལ་བའི་ཟབ་སྦྱོང་གནང་བ།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་རྒྱ་གར་བྱང་ཕྱོགས་ཁུལ་གྱི་བོད་ཁྱིམ་སློབ་གྲྭ་ཁག་ལྔའི་ཁྱིམ་ཚང་ཨ་མ་རྣམས་ལ་བྱིས་པའི་ཀློག་རྩལ་དང་འབྲེལ་བའི་ཟབ་སྦྱོང་ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༢༨ ནས་དབུ་འཛུགས་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་བ་ ༡༢ ཚེས་ ༠༢ བར་ས་གནས་སོ་སོར་གོ་སྒྲིག་གནང་ཡོད།

ཟབ་སྦྱོང་གི་སློབ་སྟོན་པ་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ཨིན་ཡིག་སློབ་སྟོན་པ་རྒན་བསྟན་འཛིན་དཔལ་མོ་ལགས་དང་། ཤེས་རིག་ལས་ཁུངས་ཀྱི་འབྲེལ་ལས་བསོད་ནམས་གངས་བཟང་ལགས་གཉིས་རྡ་སྟེང་བོད་ཁྱིམ་དང་། རྡ་ཤོད་བོད་ཁྱིམ། ཅོན་ཏ་ར་བོད་ཁྱིམ། སུ་ཇ་བོད་ཁྱིམ། གོ་པལ་པུར་བོད་ཁྱིམ་བཅས་སུ་ཆེད་ཕེབས་ཀྱིས་ཁྱིམ་ཚང་ཨ་མ་གྲངས་ ༨༩ ལ་བྱིས་པའི་ཀློག་རྩལ་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་གནང་ཡོད། ཟབ་སྦྱོང་སྐབས་སློབ་སྟོན་པས་ཁྱིམ་ཚང་དུ་དཔེ་ཀློག་གི་ཁོར་ཡུག་སྐྲུན་སྟངས་དང་། སྐད་གདངས་ཆེན་པོས་དཔེ་ཀློག་གནང་སྟངས་དང་དེའི་དགེ་ཕན། སྒྲུང་གཏམ་ཤོད་སྟངས་སོགས་ཀྱི་སྐོར་སློབ་སྟོན་གནང་ཡོད།

བྱིས་པའི་ཀློག་རྩལ་དང་འབྲེལ་བའི་ཟབ་སྦྱོང་འདི་ཉིད་ཨ་རིའི་རོགས་ཚོགས་ (USAID) གྱིས་མཐུན་འགྱུར་སྦྱར་ཡོད་པ་བཅས།།

སྔོན་མ།
དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་དང་དྲུང་ཆེ་རྣམ་གཉིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།
ཕྱི་མ།
ཤེས་རིག་ལས་ཁུངས་ནས་ཟླ་གྲངས་གཅིག་རིང་སྔོན་འགྲོའི་དགེ་རྒན་རྣམས་ལ་ཟབ་སྦྱོང་གོ་སྒྲིག་གནང་བ།
Menu