ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་མི་རྣམས་ལ་ཟབ་སྦྱོང་གོ་སྒྲིག་གནང་བ།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༡ ཚེས་ ༡༨ ཉིན་དགེ་རྒན་ཕ་མའི་ཚོགས་ཆུང་གི་ནུས་སྟོབས་གོང་འཕེལ་གྱི་ལས་གཞིའི་ཁོངས་བོད་སློབ་ཁག་གི་དབུ་འཛིན་རྣམས་ལ་དྲ་ཐོག་སློབ་སྟོན་པར་སློབ་ཁྲིད་ཀྱི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད།

དེ་ཡང་སློབ་སྟོན་པའི་ཟབ་སྦྱོང་ནང་སློབ་གྲྭ་ཁག་ ༢༧ གྱི་སློབ་སྤྱི་དང་། དགེ་ཆེ། དགེ་རྒན་བཅས་མཉམ་ཞུགས་གནང་ཡོད་པ་དང་། ཐེངས་འདིའི་དྲ་ཐོག་ཟབ་སྦྱོང་ཐོག་བྷུ་དྷ་སྐྱབས་ལགས་དང་སྐལ་བཟང་དབང་འདུས་ལགས་གཉིས་ཀྱིས་མཐུན་སྦྱོར་གནང་ཡོད་ཅིང་། ཁོང་རྣམས་ནས་ནར་སོན་རྣམས་ལ་སློབ་ཁྲིད་གནང་ཕྱོགས་ཀྱི་བྱེད་སྒོ་དང་། དེའི་ལག་ལེན་སྐོར་ངོ་སྤྲོད་གནང་རྗེས་ནང་ཁུལ་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་ཡོད།

དེ་སྔོན་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༡ ཚེས་ ༡༦ ཉིན་མོན་གྷོ་སམ་བྷོ་ཊ་བོད་སློབ་གསུམ་གྱི་དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་མི་རྣམས་ལ་དེ་མཚུངས་ཟབ་སྦྱོང་གནང་ཡོད་པ་དང་། ཟབ་སྦྱོང་དེ་དག་(Global Affairs Canada)རོགས་ཚོགས་ཀྱིས་མཐུན་འགྱུར་སྦྱར་གནང་ཡོད་པ་བཅས།།

སྔོན་མ།
སཾ་བྷོ་ཊའི་ཁྱབ་ཁོངས་གཞི་རིམ་འོག་མའི་དགེ་རྒན་དང་སྤྱི་ཚོགས་ཚན་རིག་དགེ་རྒན་སློབ་ཕྲུག་རིགས་ལམ་རྒྱུས་སྟོན་པ་གསོ་སྐྱོང་གི་ཟབ་སྦྱོང་བཅས་ཟབ་སྦྱོང་ཁག་གསུམ་མཇུག་བསྒྲིལ་བ།
ཕྱི་མ།
བལ་ཡུལ་ཤེས་རིག་དཔར་ཁང་ཡན་ལག་ཏུ་ལས་བྱེད་གསར་འདེམས་གསལ་བསྒྲགས། 
Menu