ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་བསྟན་འཛིན་ནོར་དབྱངས་ལགས་ལ་སྦྱངས་འབྲས་གཟེངས་སུ་ཐོན་པའི་གསེར་གྱི་རྟགས་མ་ཐོབ་པར་དགའ་བསུ་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡༩ ཉིན་རྒྱ་གར་ལྷོ་ཕྱོགས་ཀརནཱ་ཊཀ་མངའ་སྡེའི་བྷེལ་གམ་དུ་རྟེན་གཞི་བྱས་པའི་ཀེ་ཨེལ་ཨི་མཐོ་རིམ་སློབ་སྦྱོང་དང་ཉམས་ཞིབ་བསྟི་གནས་ཁང་ (KLE Academy of Higher Education & Research) གི་སློབ་མ་བསྟན་འཛིན་ནོར་དབྱངས་ལགས་ཀྱིས་སྨན་ཞབས་པའི་ཉེ་བའི་གཙུག་ལག་རབ་འབྱམས་པའི་རྒྱུགས་འབྲས་རྩེ་ཕུད་བླངས་ཏེ་མཐོ་སློབ་ཀྱི་བསླབ་པ་མཐར་སོན་པའི་མཛད་སྒོའི་ཐོག་གསེར་གྱི་རྟགས་མ་ཐོབ་པར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་དགའ་བསུའི་འཚམས་འདྲི་དང་འབྲེལ། ཁོ་མོའི་གྲུབ་འབྲས་བཟང་པོ་དེས་ད་ལྡ་སློབ་སྦྱོང་གནང་བཞིན་པའི་བོད་རིགས་སློབ་མ་རྣམས་ལ་སེམས་འགུལ་ཐེབས་ཐུབ་པའི་རེ་བ་ཡོད། ཅེས་གསུངས།

སྤྱིར་བསྟན་འཛིན་ནོར་དབྱངས་ལགས་ནི། མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནས་ཡིན་པ་དང་། མོན་གྷོ་གཏན་སློབ་ནས་སློབ་ཐར་ཕྱིན་རྗེས་ཀེ་ཨེལ་ཨི་མཐོ་རིམ་སློབ་སྦྱོང་དང་ཉམས་ཞིབ་བསྟི་གནས་ཁང་དུ་སློབ་གཉེར་གནང་སྟེ་ལོ་བཞི་བསྟུད་མར་དཀའ་ལས་བརྒྱབ་པའི་འབྲས་བུར་ཡིག་ཚད་ཀྱི་སྦྱངས་འབྲས་རྩེ་ཕུད་བླངས་ཡོད། བསྟན་འཛིན་ནོར་དབྱངས་ལགས་ཀྱིས་ཕ་མ་གཉིས་ཀྱི་རྒྱབ་སྐྱོར་དང་། ལྷག་པར་རང་ཉིད་ཀྱིས་དེབ་གང་མང་བཀླགས་པ་དང་སྦྱང་བརྩོན་བྱས་སྟབས་གྲུབ་འབྲས་བཟང་པོ་ཐོབ་ཡོད་པའི་སྐོར་གསུངས།།

སྔོན་མ།
དགེ་སློབ་རྩོམ་འབྲིའི་གསལ་བསྒྲགས།
ཕྱི་མ།
དཔལ་ལྡན་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་སྐུ་ངོ་སྤེན་པ་ཚེ་རིང་མཆོག་སིམ་ལ་གཏན་སློབ་ཏུ་འཚམས་གཟིགས་གནང་བ།
Menu