ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་གཞི་རིམ་བར་མའི་ཨིན་དགེ་ཟབ་སྦྱོང་ཚུགས་པ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༨ ནས་ཚེས་ ༢༡ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་བསྟི་གནས་ཁང་དུ་(NCERT) འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་གཞི་རིམ་བར་མའི་ཨིན་དགེ་ཟབ་སྦྱོང་ཞིག་ཚོགས་ཡོད་པ་དང་། ཐེངས་འདིའི་ཟབ་སྦྱོང་ནང་སམ་བྷོ་ཊའི་སློབ་གྲྭ་དང་། བོད་ཁྱིམ་སློབ་གྲྭ མ་སུ་རི་བོད་ཁྱིམ། བལ་ཡུལ་ནང་ཡོད་པའི་གངས་ཅན་བདེ་རྩའི་སློབ་གྲྭ ནེའུ་རུ་དྲན་རྟེན་སློབ་གྲྭ སེ་ར་བྱེས་ཀྱི་སློབ་གྲྭ་བཅས་སློབ་གྲྭ་ཁག་ ༢༢ ཀྱི་དགེ་རྒན་གྱིས་མཉམ་ཞུགས་གནང་ཡོད། ཕྱི་ལོ་ ༢༠༡༥ ནང་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་བསྟི་གནས་ཁང་གིས་ལམ་སྟོན་འོག་དགེ་རྒན་ཚོར་ཟབ་སྦྱོང་ཕུལ་བ་འདི་ཉིད་ཐེངས་ལྔ་པ་ཆགས་ཡོད་པ་དང་། ཟབ་སྦྱོང་དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་ཁྱད་ལས་དགེ་རྒན་གསོ་སྐྱོང་བྱེད་ཕྱོགས་ཀྱི་ལས་འཆར་ནང་གི་ཆ་ཤས་ཤིག་ཀྱང་ཆགས་ཡོད། ཟབ་སྦྱོང་འདི་བཞིན་ཨ་རི་བོད་ཀྱི་ཐེབས་རྩ་བརྒྱུད་ཨ་རི་ USAID རོགས་ཚོགས་ནས་མཐུན་འགྱུར་གནང་བ་ཞིག་ཡིན།

སྔོན་མ།
གཞི་རིམ་སློབ་གྲྭའི་ནང་ཆོས་བསླབ་གཞི་གཏན་འབེབས་ཚོགས་འདུ།
ཕྱི་མ།
ས་རཱ་མཐོ་སློབ་ཏུ་འགོ་འཁྲིད་ཟབ་སྦྱོང་སྐབས་སྐུ་སྒེར་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་གིས་དོལ་རྒྱལ་སྐོར་ངོ་སྤྲོད་གནང་བ།
Menu