ཟླ་རེའི་གསར་འགྱུར།

ཤེས་ལྷན་ཚན་པའི་འགན་འཛིན་དྲུང་འཕར་ཚེ་རིང་བསམ་གྲུབ་ལགས་དིལླཱི་དང་ལྷོ་ཕྱོགས་སྦེལ་ཀོབ་ཏུ་གཞུང་འབྲེལ་ཕྱོགས་སྐྱོད་ཕེབས་པ།

གསར་འཕྲིན།

༄༅། །ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་ཚེ་རིང་བསམ་གྲུབ་ལགས་འདི་ཟླའི་ཚེས་ ༡༠ ཕྱི་དྲོ་དྷ་ས་ནས་དིལླཱིར་གཞུང་འབྲེལ་ཕྱོགས་སྐྱོད་ཐོག་ཕེབས་ཐོན་གནང་སྟེ། ཕྱི་ཚེས་ ༡༡ སྔ་དྲོ་དིལླཱི་བོད་ཁྱིམ་སྡོད་ཁང་དུ་དྷ་སྟེང་བོད་ཁྱིམ་སློབ་སྡེ་ཁག་གི་སློབ་སྤྱི་དང་དགེ་ཆེའི་ཚོགས་འདུ་འཚོག་བཞིན་པ་དེར་ཆེད་ཕེབས་ཀྱིས་ཤེས་ཡོན་སྲིད་བྱུས་དང་། འདི་ལོའི་ཤེས་ལྷན་གྱི་གྲོས་ཆོད་ལག་བསྟར་དང་མཇུག་གནོན་གནང་ཕྱོགས། བྱིས་པའི་ཀློག་རྩལ་ལས་གཞི་དང་འབྲེལ་བའི་སྐོར་གསུང་བཤད་གནང་། དེ་བཞིན་འདི་ལོའི་ཕྱི་ཟླ་བཅུ་གཉིས་ཟླ་མཇུག་ལ་བོད་པའི་དགེ་རྒན་ ༣༠༠ མ་ཟིན་ཙམ་ལ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་སེར་བྱེས་སློབ་གྲྭར་ཉིན་གཉིས་རིང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་ཐོག་ཟབ་སྦྱོང་གོ་སྒྲིག་གནང་གཏན་འཁེལ་བར་བརྟེན། སྔོན་འགྲོའི་གྲ་སྒྲིག་ཆེད་ཕེབས་གནང་བ་དང་། དེའི་སྐབས་ཕྱི་ཚེས་ ༡༤ ཉིན་ལྷོ་ཕྱོགས་སེར་བྱེས་སློབ་གྲྭར་བྱིས་པའི་ཉིན་མོ་སྲུང་བརྩིའི་ལས་རིམ་ཐོག་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་བ་ལྟར་ཕེབས་ཏེ་ལས་རིམ་ལྟར་སེར་བྱེས་སློབ་གྲྭའི་སློབ་མའི་ཁོངས་ནས་དཔེ་དེབ་མང་ཤོས་ཀློག་མཁན་དང་། ཀུན་སྤྱོད་ལེགས་ཤོས་བཅས་ཀྱི་སློབ་མར་བྱ་དགའ་གནང་གྲུབ་བསྟུན་བྱིས་པའི་ཉིན་མོར་གསུང་བཤད་གནང་། ཕྱི་ཚེས་ ༡༨ ཉིན་དྷ་སར་ཕྱིར་ཕེབས་གནང་རྒྱུ་བཅས།

སྔོན་མ།
གཞི་རིམ་བར་མའི་བོད་ཡིག་སློབ་དེབ་བསྐྱར་ཞིབ་དང་འབྲེལ་བའི་འབྲི་རྩལ་ལ་རྟོག་ཞིབ་དང་རྒྱུས་ལོན་གནང་བ།
ཕྱི་མ།
བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་བཅོ་བརྒྱད་པ་ལེགས་གྲུབ་ཟིན་པ།
Menu