ཟླ་རེའི་གསར་འགྱུར།

ས་གནས་འགོ་འཛིན་རྣམ་པར་ཤེས་རིག་བརྡ་ཆད་ཚན་པས་ཐ་སྙད་གོ་རྟོགས་སྤེལ་བ།

གསར་འཕྲིན།

ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༨ ཉིན་བོད་མིའི་འདུས་སྡོད་ས་གནས་འགོ་འཛིན་རྣམ་པར་བོད་མིའི་སྒྲིག་འཛུགས་ཤེས་རིག་བརྡ་ཆད་ཚན་པས་ཤེས་རིག་ལས་ཁུངས་ཀྱིས་ཐ་སྙད་གཏན་འབེབས་ཇི་ལྟར་གནང་ཕྱོགས་དང་ཚན་པའི་ལས་དོན་སྤྱིའི་སྐོར་གོ་རྟོགས་ལས་རིམ་ཞིག་སྤེལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༩ ཐོག་ཕྱི་དྲིལ་ཁྱབ་ཁོངས་ཀམ་པུ་ཊར་ཚན་པའི་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ནང་སྲིད་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༤ པར་ཚོགས་ཕེབས་གནང་བའི་ལྷོ་སྤྱི་དང་། ལ་སྤྱི། སིམ་སྤྱི་བཅས་ཀྱིས་གཙོས་པའི་ས་གནས་འགོ་འཛིན་རྣམ་པར་ཤེས་རིག་བརྡ་ཆད་ཚན་པའི་འགན་འཛིན་ལས་ཚབ་འཕྲིན་ལས་ལགས་ཀྱིས་ཤེས་རིག་བརྡ་ཆད་ཚན་པས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་སྲུང་སྐྱོབ་དང་གོང་འཕེལ་གཏོང་ཕྱོགས། ཤེས་རིག་བརྡ་ཆད་ཚན་པའི་ཐ་སྙད་གསར་བཟོ། གཏན་འབེབས་གནང་ཕྱོགས་ཀྱི་བརྒྱུད་རིམ། ཐ་སྙད་དེ་དག་མང་ཚོགས་དང་། སློབ་སྡེ་ཁག དགོན་སྡེ་གྲྭ་ཚང་སོགས་ལ་གོ་རྟོགས་ཇི་སྤེལ། དེ་བཞིན་ཐ་སྙད་ཚན་པའི་དཔེ་དེབ་དཔར་སྐྲུན། དྲྭ་ཚིགས་གསར་བཟོ། བཀོལ་སྤྱོད་མཉེན་ཆས་བཅས་ཀྱི་སྐོར་ངོ་སྤྲོད་གནང་མཚམས་བོད་མིའི་སྤྱི་ཚོགས་ནང་ཐ་སྙད་དེ་དག་གཅིག་གྱུར་བཀོལ་སྤྱོད་ཡོང་ཐབས་ཀྱི་འབོད་སྐུལ་གནང་ཡོད། མཇུག་མཐར་ས་གནས་འགོ་འཛིན་རྣམ་པའི་དགོངས་འཆར་དང་བཀའ་འདྲི་ཁག་ལ་ལན་འདེབས་གསལ་བཤད་དང་གོ་བསྡུར་ལྷུག་པོ་གནང་ཡོད་པ་བཅས། །

སྔོན་མ།
ཕྱི་ལོ་ ༢༠༡༢༡ ལོའི་དགེ་རྒན་གྱི་ས་མིག་གསལ་བསྒྲགས།
ཕྱི་མ།
བཀའ་ཤག་སྐབས་བཅུ་དྲུག་པའི་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཤེས་རིག་བཀའ་བློན་གྱི་ཐུགས་འགན་བཞེས་གནང་བ།
Menu