ཟླ་རེའི་གསར་འགྱུར།

སམ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ལ་གཟེངས་རྟགས་ཐོབ་པ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༨ ཉིན་རྒྱ་གར་གྱི་Indian Solidarity Council ཞེས་པའི་ཚོགས་པས་སམ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་ལ་ཤེས་ཡོན་གྱི་ཐོག་བྱས་རྗེས་ལྡན་པའི་ཞབས་འདེགས་བསྒྲུབས་པར་བརྟེན། ཁོང་ལ་Jewel of India Award ཞེས་པའི་ཆེ་བསྟོད་ཀྱི་གཟེངས་རྟགས་གནང་ཡོད་པ་མ་ཟད། རྒྱལ་སྤྱིའི་ཤེས་ཡོན་འཛིན་སྐྱོང་བསྟི་གནས་ཁང་གིས་གསེར་གྱི་རྟགས་མ་ Vijay Rattan Gold Medal Award ཞེས་པ་དེ་གནང་འདུག བསྟི་གནས་ཁང་འདི་ནི་རྒྱ་གར་གཞུང་ལ་དེབ་སྐྱེལ་ཡོད་ཅིང་། ཁེ་སང་མེད་པའི་བསྟི་གནས་ཁང་ཞིག་ཡིན་ཞིང་རྒྱ་གར་རྒྱལ་ཡོངས་ནང་བསྟི་གནས་ཁང་འདིའི་སྐུ་ཚབ་ཡོད་འདུག
གོང་གསལ་བསྟི་གནས་ཁང་དེ་དག་གི་དམིགས་ཡུལ་ནི་ཤེས་ཡོན་དང་། ཚན་རིག སྤྱི་ཚོགས། རིག་གཞུང་། འཕྲུལ་རིག་སོགས་གོང་སྤེལ་གཏོང་རྒྱུ་ཡིན་ཞིང་མཛད་སྒོའི་ཐོག་རྒྱ་གར་ལྷོ་ཕྱོགས་ཊ་མིལ་ན་དུའི་དེ་སྔའི་མངའ་སྡེའི་གཙོ་འཛིན་སྐུ་ཞབས་བྷི་ཤི་མ་ན་རེན་སིངྒ་(Dr. Bhishma Narain Singh)ལགས་དང་། རྒྱ་གར་ལྷོ་ཕྱོགས་པོན་ཌི་ཅེ་རིའི་ས་ཁུལ་གྱི་གཙོ་འཛིན་ཟུར་པ་ཝི་རེན་དར་ཀ་ཊ་རི་ཡ་(Dr. Virendra Kataria) ལགས་རྣམ་གཉིས་ཀྱིས་གཟེངས་རྟགས་གནང་ཡོད་པ་བཅས།།

སྔོན་མ།
དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་ཁག་གི་དབུས་རིག་གཞུང་འཁྲབ་སྟོན་དང་འགྲེམས་སྟོན་འདུ་འཛོམས་ཀྱི་གནས་ཚུལ།
ཕྱི་མ།
འཛིན་རིམ་བཅུ་པའི་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་གསུམ་པ་དབུ་འཛུགས་གནང་བ།
Menu