ཟླ་རེའི་གསར་འགྱུར།

སྤུ་རུ་ཝ་ལ་སློབ་དགེ་ཚེ་དབང་རབ་བརྟན་ལགས་དམ་པ་ཁོང་གིས་གསོག་དངུལ་རྣམས་བོད་ཕྲུག་ཉམ་ཐག་རྣམས་ཀྱི་ཤེས་ཡོན་ཆེད་ཞལ་འདེབས་སུ་གནང་།

གསར་འཕྲིན།

༄༅། །སྤུ་རུ་ཝ་ལ་སློབ་དགེ་ཞིག་གིས་སོ་སོའི་གསོག་དངུལ་ཡོངས་རྫོགས་བོད་མིའི་སློབ་ཕྲུག་གི་ཤེས་ཡོན་ཆེད་ཞལ་འདེབས་ཕུལ།
དེ་ཡང་སཾ་བྷོ་ཊ་བོད་སློབ་ཁྱབ་ཁོངས་གཏན་འཇགས་སློབ་དགེ་ཚེ་འདས་ཚེ་དབང་རབ་བརྟན་ལགས་ཀྱི་གསོག་དངུལ་བརྒྱ་ཆ་ ༡༠༠ ཡི་འབབ་ཧིན་སྒོར་ ༣༤༥་༤༡༢།༠༠ ༼སུམ་འབུམ་བཞི་ཁྲི་ལྔ་སྟོང་བཞི་བརྒྱ་བཅུ་གཉིས།༽ ཐམ་པ་ཁོང་གི་དམིགས་ཡུལ་གཞིར་བཟུང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་བརྒྱུད་བོད་ཕྲུག་ཉམ་ཐག་རྣམས་ཀྱི་ཤེས་ཡོན་ཆེད་ཞལ་འདེབས་འབུལ་རྒྱུའི་དཔང་ཡིག་འཇོག་གནང་བ་ལྟར། སཾམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་ནས་ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༢༣ ཉིན་ཤེས་རིག་ལས་ཁུངས་སུ་གནང་འབྱོར་བྱུང་འདུག
དམ་པ་ཁོང་ནི། ཕྱི་ལོ་ ༡༩༦༤ ཟླ་ ༩ ཚེས་ ༢ ཉིན་བོད་གཞིས་ཀ་རྩེར་འཁྲུངས་ཤིང། རྒྱ་གར་ནང་བཙན་བྱོལ་དུ་ཕེབས་རྗེས་ཕྱི་ལོ་ ༡༩༩༧ ནས་ཀུམ་རའོ་དང་སྤུ་རུ་ཝ་ལ་ས་གནས་གཉིས་སུ་ལོ་ངོ་བཅོ་བརྒྱད་རིང་སློབ་གྲྭའི་དགེ་རྒན་གྱི་ཞབས་ཞུ་གནང་སྐབས་ཏེ།  ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢ ཉིན་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག  འདི་ག་ཤེས་རིག་ལས་ཁུངས་ནས་དམ་པ་ཁོང་གིས་སྐུ་འཚོ་བཞུགས་རིང་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཆེད་སེམས་འཁུར་ཆེ་བཞེས་གནང་བར་ཡི་རང་བསྔགས་བརྗོད་དང་སྦྲགས། ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས། རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་དུ་ཐོབ་པའི་སྨོན་འདུན་ཞུ་རྒྱུ་བཅས།།

སྔོན་མ།
མྱོང་ཚོར་གྱི་ནུས་པ་གཞིར་བཞག་ཐོག་སྒྲིག་ལམ་གཅུན་ཐབས་ཀྱི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་བ།
ཕྱི་མ།
དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་དང་། འབུམ་རམས་པ་སློབ་ཐོན་པའི་སློབ་མ་རྣམས་ལ་སྲིད་སྐྱོང་གཟེངས་བསྟོད་བཅས་ཀྱི་བྱ་དགའ་བཞེས་མཁན་སློབ་མ་རྣམས་ཀྱི་ཐོ་གཞུང་།
Menu