ཟླ་རེའི་གསར་འགྱུར།

སྦེང་ལོར་ཝེ་ལི་སློབ་གྲྭར་བོད་པའི་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེའི་ཉམས་གསོག་ལས་འཆར་སྤེལ་བ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་དྷ་ས་བོད་ཁྱིམ་གྱི་ཁྱབ་ཁོངས་སློབ་ཁག་ལྔའི་སློབ་སྤྱི་ལྔ་དང། དགེ་ཆེ་གཅིག མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་རཱ་ཇ་པུར་བོད་ཁྱིམ་འགན་འཛིན། སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་སྤྱི་གཉིས་དང་དགེ་ཆེ་གསུམ་བཅས་ཁྱོན་བསྡོམས་སློབ་སྤྱི་དང་དགེ་ཆེ་༡༢ ཀྲིཥཎ་མུར་ཏི་(Krishnahmurthy) མཆོག་གི་སྦེང་ལོར་ཝེ་ལི་སློབ་གྲྭར་(The Valley School)ཤེས་ཡོན་ཉམས་གསོག་ལྟ་ཞིབ་ལས་འཆར་ཕྱི་ལོ་༢༠༡༣ ཟླ་༡ ཚེས ༡༥ ནས་༡༨ བར་སྤེལ་གཏན་འཁེལ་ཡོད། ཉམས་གསོག་རིང་ཕྱི་ཟླ་ ༡ ཚེས་ ༡༥ ཉིན་གཞི་རིམ་འོག་མའི་ཨིན་ཡིག་སློབ་ཁྲིད་དང་མཉམ་བསྲེས་འཛིན་གྲྭ་ཚུགས་སྟངས་ལྟ་ཞིབ་གནང་རྒྱུ་དང་།
    ཕྱི་ཚེས་༡༦ སྔ་དྲོ་སློབ་གྲྭའི་བཟོ་རིག་བསྟི་གནས་ཁང་ལ་ལྟ་སྐོར་དང་བཟོ་རིག་དགེ་རྒན་མཉམ་གོ་བསྡུར། ཉིན་རྒྱབ་དམིགས་བསལ་སློབ་ཕྲུག་ཚོར་སློབ་སྟོན་གནང་སྟངས་སྐོར་གོ་བསྡུར་སྦྱང་བཤད་ཞུ་རྒྱུ། ཕྱི་ཚེས་༡༧ སྔ་དྲོ་བསླབ་པའི་བསྟི་གནས་(study center)ནང་གོ་བསྡུར་དང། ཉིན་རྒྱབ་སློབ་གྲྭ་འབྲིང་བ་དང་རྒན་པ། ཉལ་ཁང་བཅས་ལ་གཟིགས་སྐོར། ཕྱི་ཚེས་༡༨ སྔ་དྲོ་སློབ་གྲྭའི་གཞི་རིམ་བར་མའི་འཛིན་གྲྭ་ཁག་ལ་ལྟ་སྐོར་དང། དགེ་རྒན་མཉམ་གོ་བསྡུར་དང་འབྲེལ་ལས་འཆར་མཇུག་བསྡོམས་གནང་གཏན་འཁེལ་ཡོད། སློབ་སྤྱི་དང་དགེ་ཆེ་རྣམས་སློབ་ཁག་སོ་སོར་ཕྱིར་འཁོར་ནས་སློབ་གྲྭའི་རྒན་ལགས་རྣམས་ཀྱི་ལྷན་དུ་ཉམས་མྱོང་སྦྱང་བཤད་གནང་སྟེ། མྱོང་ཚོར་ལས་བསྡོམས་བཅས་ཤེས་རིག་ལས་ཁུངས་སུ་འབུལ་ལམ་ཞུ་རྒྱུ་དང་།
    ད་ལན་ལས་འཆར་གྱི་འབྲེལ་མཐུད་པ་དྷ་ས་མེས་དབོན་གཙུག་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་རྒན་བསྟན་འཛིན་རྡོ་རྗེ་ལགས་དང་སྦེང་ལོར་མཐོ་སློབ་ཀྱི་སློབ་དགེ་དཔེ་མཛོད་དོ་དམ་པ་ཨེལྶི་བརྒཱིས། (Elsie Varghese) ལགས་རྣམ་གཉིས་ཀྱིས་གནང་བཞིན་པ་བཅས།

སྔོན་མ།
གཏན་སློབ་ཁག་གི་རེག་ཊར་དང་སྨན་ཞབས། བུ་དང་བུ་མོའི་ཉལ་ཁང་དོ་དམ་པ་སློབ་ཕྲུག་བདེ་འཇགས་དང་འབྲེལ་བའི་ཟབ་སྦྱོང།
ཕྱི་མ།
བོད་ཕྲུག་ཆེད་བོད་རིགས་ཁག་གཅིག་གིས་སློབ་ཡོན་གནང་བར་བསྔགས་བརྗོད།
Menu