ཟླ་རེའི་གསར་འགྱུར།

སྲིད་སྐྱོང་གཟེངས་རྟགས་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢ ཉིན་མང་གཙོའི་དུས་ཆེན་ཉིན་མོ་སྲུང་བརྩིའི་མཛད་སྒོ་དང་སྟབས་བསྟུན། འབུམ་རམས་པའི་སློབ་སྦྱོང་ཐོན་མཁན་བསྟན་འཛིན་པ་སངས་ལགས་དང་བསྟན་འཛིན་ཉི་འབུམ་ལགས་གཉིས་ལ་སྲིད་སྐྱོང་གཟེངས་རྟགས་ཀྱི་ཕྱག་འཁྱེར་དང་མི་རེར་བྱ་དགའ་ཧིན་སྒོར་ ༢༠༠༠༠ རེ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་གནང་ཡོད།

རིགས་གཅིག་རྐང་འཛིན་སློབ་ཐོན་པ་གཉིས་ཀྱི་ངོ་སྤྲོད་སྙིང་བསྡུས་ནི།
༡༽ འབུམ་རམས་པ་བསྟན་འཛིན་པ་སངས་ལགས་ནི། རྡ་སྟེང་བོད་ཁྱིམ་ནས་གཞི་རིམ་སློབ་སྦྱོང་གནང་བ་དང་། རྒྱ་གར་ལྷོ་ཕྱོགས་མེཡི་སོར་ (Mysore) མཐོ་སློབ་ཁང་དུ་དངོས་ཁམས་རིག་པའི་སློབ་ཚན་ཐོག་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་ལེགས་ཐོན་བྱུང་ཡོད་པ་དང་། ད་ལྟ་མེངྒ་ལོར་མཐོ་སློབ་ཁང་དུ་གཙུག་ལས་སློབ་དཔོན་གྱི་ཕྱག་རོགས་ (Assistant Professor) ཀྱི་ཕྱག་ལས་གནང་མུས་ཡིན་འདུག
༢༽ འབུམ་རམས་པ་བསྟན་འཛིན་ཉི་འབུམ་ལགས་ནི། རྡ་སྟེང་བོད་ཁྱིམ་ནས་གཞི་རིམ་སློབ་སྦྱོང་གནང་བ་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མཐོ་སློབ་ནས་སྲོག་ཆགས་རིག་པའི་སློབ་ཚན་ཐོག་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་ལེགས་ཐོན་བྱུང་ཡོད་པ་དང་། ད་ལྟ་ལྡི་ལིའི་མཐོ་སློབ་ (Deshbandhu College) ཏུ་གཙུག་ལས་སློབ་དཔོན་གྱི་ཕྱག་རོགས་ (Assistant Professor) ཀྱི་ཕྱག་ལས་གནང་གནང་མུས་ཡིན་འདུག།

སྔོན་མ།
དགའ་ལྡན་ཕོ་བྲང་གཟེངས་རྟགས་གནང་བ།
ཕྱི་མ།
འདི་ལོའི་སྲིད་སྐྱོང་སློབ་ཡོན་གཟེངས་རྟགས་བསྟན་འཛིན་དགྲ་འདུལ་ལགས་ལ་གནང་བ།
Menu