ཟླ་རེའི་གསར་འགྱུར།

ཨིན་ཡུལ་རི་ཅཌ་སན་དགེ་རྩ་ཚོགས་པའི་སློབ་ཡོན་ཕྱིར་འགྱངས་ཞུས་པ།

གསར་འཕྲིན།

    འདི་ག་ཤེས་རིག་ལས་ཁུངས་ལ་གནས་ཚུལ་འབྱོར་གསལ་ལྟར། ཨིན་ཡུལ་རི་ཅཌ་སན་དགེ་རྩ་ཚོགས་པའི་ (Richardson Foundation Scholarship for Tibetan)  ཕྱི་ལོ་ ༢༠༡༢ ལོའི་མཐོ་སློབ་སློབ་ཡོན་གྱི་འདེམས་སྒྲུག་ལས་རིམ་ ༢༠༡༣ ལོར་ཕར་འགྱང་གནང་རྒྱུའི་ཐག་ཆོད་གནང་འདུག དེ་ནི་འཛམ་གླིང་སྤྱིའི་དཔལ་འབྱོར་ཉམས་རྒུད་དང་མ་འཛུགས་ཁེ་འབབ་ཞན་པའི་དབང་ གིས་སློབ་ཡོན་རོགས་རམ་གནང་ཐབས་མ་མཆིས་པའི་འགྲེལ་བརྗོད་གནང་ཡོད་འདུག སློབ་ཡོན་འདི་བཞིན་ཕྱི་ལོ་ ༡༩༩༦ ལོར་འགོ་འཛུགས་གནང་ཡོད་པ་དང་སློབ་ཕྲུག་ ༡ ལ་ལོ་བཞིའི་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་ཐོག་སློབ་ཡོན་གནང་བཞིན་ ཡོད། ད་བར་སློབ་ཕྲུག་ཁྱོན་གྲངས་ ༤ སློབ་བསྐྱོད་ཐུབ་པ་བྱུང་ཡོད་པ་བཅས།།

སྔོན་མ།
རྡོར་གླིང་དབུས་བོད་མིའི་གཏན་སློབ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་གྲ་སྒྲིག་ཞུ་བཞིན་པ།
ཕྱི་མ།
རྡོར་གླིང་དབུས་བོད་མིའི་གཏན་སློབ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།
Menu