ཟླ་རེའི་གསར་འགྱུར།

ཨུ་རུ་སུའི་སློབ་ཡོན་གསལ་བསྒྲགས།

གསལ་བསྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཨུ་རུ་སུ་གཙུག་ལག་རབ་འབྱམས་པའི་སློབ་ཡོན་གསལ་བསྒྲགས་ཞུ་རྒྱུར། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པ་གཉིས་ལ་ཨུ་རུ་སུ་ཁལ་མུག་མངའ་སྡེ་དང་། ཐུ་བ་མངའ་སྡེའི་མཐོ་རིམ་སློབ་གྲྭ་གཉིས་ནང་ཨུ་རུ་སུའི་སྐད་ཡིག་གཙོས་པའི་གཙུག་ལག་ལག་རབ་འབྱམས་པའི་སློབ་ཡོན་འབུལ་རྒྱུ་དང་། འདེམས་སྒྲུག་ཟིན་པའི་སློབ་མ་རྣམས་ལ་ཟུར་ཁྲིད་སློབ་སྦྱོང་དང་། བཞུགས་གནས་སོགས་རིན་མེད་འཐོབ་རྒྱུ། དེའི་སྟེང་ཨུ་རུ་སུ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་དམིགས་བསལ་འགན་འཁུར་གྱིས་སྤྱིར་བཏང་འགྲོ་གྲོན་ལ་ཕན་པའི་ཟླ་རེའི་འཚོ་སྣོན་དང་ལམ་གྲོན་ཕྱོགས་གཅིག་གི་མཐུན་འགྱུར་རྒྱབ་སྐྱོར་གནང་རྒྱུ།

སློབ་ཚན།

  • གཙུག་ལག་སློབ་གཉེར་ཁང་སོ་སོའི་སློབ་ཚན་གཏན་འབེབས་ཇི་ཡོད་དང་། ཨ་རུ་སུ་སྐད་ཡིག་རྨང་གཞིའི་ཚུལ་དུ་ངེས་པར་དུ་བླང་དགོས།
  • ཁལ་མིག་མཐོ་རིམ་སློབ་གྲྭའི་དྲྭ་ཚིགས་ཁ་བྱང་། http://www.kalmsu.ru/
  • ཐུ་བ་མཐོ་རིམ་སློབ་གྲྭའི་དྲྭ་ཚིགས་ཁ་བྱང་། http://www.tuvsu.ru/

སློབ་ཡོན་གྱི་ཆ་རྐྱེན།

  • སྲི་ཞུ་བ་གང་ཞིག་ངོས་འཛིན་ཡོད་པའི་མཐོ་རིམ་སློབ་གྲྭ་ཁག་ནས་ལོ་གསུམ་ཅན་གྱི་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཐོན་བྱུང་བ་དང་། དེ་ཡང་གཞུང་ཞབས་འདེམས་ལྷན་ནས་བསྐོ་གཞག་གནང་བའི་ཐོག་ཞབས་ལོ་ཧྲིལ་པོ་ ༥ ཟིན་པ་དགོས་རྒྱུ།
  • ཕྱིར་བསྐྱོད་ལག་ཁྱེར་ཕྱི་ལོ་ ༢༠༡༨ ཟླ་ ༩ ནས་ཉུང་མཐར་ཟླ་བ་དྲུག་རིང་དུས་ཚོད་གཙང་མི་ཟིན་པ་དགོས་རྒྱུ།

དགོས་མཁོའི་ཡིག་ཆ་ཁག

  • མི་ཚེའི་ལོ་རྒྱུས་སྙིང་བསྡུས།
  • འདྲ་པར་ཚོན་ཅན་གཉིས།
  • གཞུང་ཞབས་འདེམས་ལྷན་ནས་ཞབས་ལོ་ཧྲིལ་པོ་ ༥ ཞུས་པའི་རྒྱབ་གཉེར།
  • ཉེ་བའི་གཙུག་ལག་རབ་འབྱམས་པའི་ཡིག་རྒྱུགས་ཨང་ཤོག
  • སློབ་ཡོན་ཞུ་དགོས་པའི་འབྲི་རྩོམ་ཡིག་འབྲུ་ ༤༠༠ ནས་ ༥༠༠ བར།
  • ཕྱིར་བསྐྱོད་ལག་ཁྱེར་གྱི་ངོ་བཤུས།
  • རྡ་སར་མེད་པའི་གཞུང་ཞབས་ལས་བྱེད་རྣམས་ཀྱི་སྙན་ཞུ་གློག་འཕྲིན་བརྒྱུད་འབུལ་ཆོག

གོང་གསལ་ཡིག་ཆའི་ངོ་བཤུས་སྟེང་ས་གནས་འགོ་འཛིན་དང། ཡང་ན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུང་དྲུང་དང་ཡན་གྱི་དག་མཆན་འཁོད་པ་དགོས་རྒྱུ།
འཚང་སྙན་འབྱོར་ཚེས། རེས་གཟའ་ལྷག་པ། ༢༠༡༨།༤།༤ འགྱངས་མེད།

འདེམས་སྒྲུག་བརྒྱུད་རིམ།

  • རྡ་སར་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༦ ཉིན་འདེམས་རྒྱུགས་བྱ་རྒྱུ་དང་། ས་གནས་ལས་བྱེད་རྣམས་ལ་ཁ་པར་དང་གློག་འཕྲིན་གྱི་ལམ་ནས་འདེམས་རྒྱུགས་བྱ་རྒྱུ།
  • སློབ་ཡོན་སྡེ་ཚན་ངོས་ནས་འདེམས་རྒྱུགས་ཟིན་པའི་ལས་བྱེད་པ་གཉིས་ལ་དྲྭ་ཐོག་བརྒྱུད་སློབ་ཡོན་འགེངས་ཤོག་འབུལ་སྟངས་སྐོར་ལམ་སྟོན་ཞུ་རྒྱུ།
  • སློབ་འགོ་འཛུགས་ཚེས། ཕྱི་ལོ་ ༢༠༡༨ ཟླ་ ༩

འབྲེལ་གཏུག་ཁ་བྱང་།

ངག་དབང་ཡོན་ཏན་དང་།
ཚེ་རིང་ཆོས་འཛོམས།

Email: [email protected] & [email protected]
Phone: +91-1892-222572/222721
Facebook: www.facebook.com/doe.lobyon/
ཤེས་རིག་སློབ་ཡོན་སྡེ་ཚན་ནས་ ༢༠༡༨ ཟླ་ ༣ ཚེས་ ༢༨ ལ།

སྔོན་མ།
རིགས་ལམ་བརྒྱུད་གཞི་རིམ་བར་མའི་ཚན་རིག་སློབ་ཚན་ཁྲིད་ཐབས་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་།
ཕྱི་མ།
གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཐེངས་དྲུག་པའི་དབུ་འབྱེད་མཛད་སྒོ་ཚོགས་པ།
Menu