གཞི་རིམ་སློབ་གྲྭའི་ཀམ་པུ་ཊར་སློབ་ཚན་གྱི་བསླབ་གཞིའི་རྩ་འཛིན་བསྐྱར་ཞིབ་དང་གཏན་འབེབས་གནང་བ། གཞི་རིམ་སློབ་གྲྭའི་ཀམ་པུ་ཊར་སློབ་ཚན་གྱི་བསླབ་གཞིའི་རྩ་འཛིན་བསྐྱར་ཞིབ་དང་གཏན་འབེབས་གནང་བ། ༄༅། །ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༢༩ དང་ ༣༠ ལ་གཏན་འབེབས་ཚོགས་ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་ཐོག་གཞི་རིམ་སློབ་གྲྭའི་ཀམ་པུ་ཊར་བསླབ་གཞིའི་རྩ་འཛིན་ལ་བསྐྱར་ཞིབ་དང་གཏན་འབེབས་གནང་ཡོད། ལྷོ་ཁུལ་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་འགོ་འཛུགས་གནང་བ། ལྷོ་ཁུལ་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་འགོ་འཛུགས་གནང་བ། ༄༅། །ཤེས་རིག་ལས་ཁུངས་དང་ཆོས་སྡེ་བཀྲ་ཤིས་ལྷུན་པོ་གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་ཞུས་པའི་ལྷོ་ཁུལ་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་དེ་བཞིན་ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༢༨ ནས་ཟླ་བ་ ༩ ཚེས་ ༤ བར་ཉིན་གྲངས་བརྒྱད་ཀྱི་ལས་གཞི་ཡིན་པ་བཅས། ཤེས་རིག་ལས་ཁུངས་ནས་ལ་དྭགས་ཁུལ་གྱི་བོད་ཁྱིམ་སློབ་གྲྭ་ཁག་ཅིག་ལ་བྱིས་པ་རྩེད་མོ་རྩེད་ས་དང་དཔེ་དེབ་སོགས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་གནང་། ཤེས་རིག་ལས་ཁུངས་ནས་ལ་དྭགས་ཁུལ་གྱི་བོད་ཁྱིམ་སློབ་གྲྭ་ཁག་ཅིག་ལ་བྱིས་པ་རྩེད་མོ་རྩེད་ས་དང་དཔེ་དེབ་སོགས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་གནང་། ༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ལ་དྭགས་ཁུལ་གྱི་བོད་ཁྱིམ་སློབ་གྲྭ་ཁག་ཅིག་ལ་བྱིས་པ་རྩེད་མོ་རྩེད་ས་དང་། དཔེ་དེབ་སོགས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་གནང་ཡོད་པ་མ་ཟད། དུས་ནས་དུས་སུ་བུ་བཅོལ་ཁང་ཁག་གི་མ་མ་རྣམས་ལ་ཟབ་སྦྱོང་གནང་གི་ཡོད།

[spt-posts-ticker]

གསར་འཕྲིན།

གཞི་རིམ་སློབ་གྲྭའི་ཀམ་པུ་ཊར་སློབ་ཚན་གྱི་བསླབ་གཞིའི་རྩ་འཛིན་བསྐྱར་ཞིབ་དང་གཏན་འབེབས་གནང་བ།

༄༅། །ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༢༩ དང་ ༣༠ ལ་གཏན་འབེབས་ཚོགས་ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་ཐོག་གཞི་རིམ་སློབ་གྲྭའི་ཀམ་པུ་ཊར་བསླབ་གཞིའི་རྩ་འཛིན་ལ་བསྐྱར་ཞིབ་དང་གཏན་འབེབས་གནང་ཡོད།

ལྷོ་ཁུལ་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་འགོ་འཛུགས་གནང་བ།

༄༅། །ཤེས་རིག་ལས་ཁུངས་དང་ཆོས་སྡེ་བཀྲ་ཤིས་ལྷུན་པོ་གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་ཞུས་པའི་ལྷོ་ཁུལ་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་དེ་བཞིན་ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༢༨ ནས་ཟླ་བ་ ༩ ཚེས་ ༤ བར་ཉིན་གྲངས་བརྒྱད་ཀྱི་ལས་གཞི་ཡིན་པ་བཅས།

ཤེས་རིག་ལས་ཁུངས་ནས་ལ་དྭགས་ཁུལ་གྱི་བོད་ཁྱིམ་སློབ་གྲྭ་ཁག་ཅིག་ལ་བྱིས་པ་རྩེད་མོ་རྩེད་ས་དང་དཔེ་དེབ་སོགས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་གནང་།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ལ་དྭགས་ཁུལ་གྱི་བོད་ཁྱིམ་སློབ་གྲྭ་ཁག་ཅིག་ལ་བྱིས་པ་རྩེད་མོ་རྩེད་ས་དང་། དཔེ་དེབ་སོགས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་གནང་ཡོད་པ་མ་ཟད། དུས་ནས་དུས་སུ་བུ་བཅོལ་ཁང་ཁག་གི་མ་མ་རྣམས་ལ་ཟབ་སྦྱོང་གནང་གི་ཡོད།

ཤེས་རིག་ལས་ཁུངས་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གཞི་རིམ་འོག་མའི་དགེ་ཆེ་དང་བོད་དགེ་རྣམས་ལ་ཀློག་རྩལ་གྱི་ཟབ་སྦྱོང་གོ་སྒྲིག་གནང་།

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༨ ཚེས་ ༠༧ ནས་ ༠༩ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག སྦེལ་ཀོབ་ས་སྐྱ་གསོལ་མགྲོན་ཁང་དུ་གཞི་རིམ་འོག་མའི་དགེ་ཆེ་དང་བོད་དགེ་རྣམས་ལ་ཀློག་རྩལ་གྱི་ཟབ་སྦྱོང་གནང་ཡོད།

ཤེས་རིག་ལས་ཁུངས་ནས་རྩོམ་སྒྲིག་པར་སྐྲུན་གནང་བའི་སྒྲུང་དེབ་ཁག་ཅིག་འགྲེམས་སྤེལ་གནང་བ།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་རྩིས་ལོ་ ༢༠༢༣་་་་་་་༢༤ ནང་རྩོམ་སྒྲིག་གནང་བའི་སྒྲུང་དེབ་ཁག་ཅིག་པར་སྐྲུན་གྱིས་སློབ་གྲྭ་ཁག་ལ་རིན་མེད་འགྲེམས་སྤེལ་གནང་ཡོད། དེ་དག་ལས་བྱིས་པའི་སྒྲུང་དེབ་ ༡༠ དེ་སྔ་འདོན་སྤེལ་ཞུས་ཟིན་ཡོད།

སྒྲུང་དེབ་གསར་ཐོན།

རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ཞུ་རྒྱུར། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ལོ་ལྟར་རང་རེའི་ཕྲུ་གུ་ཚོའི་ལོ་ན་དང་ཤེས་ཚད་ལ་གཞིགས་པའི་སྒྲུང་དེབ་འདྲ་མིན་པར་སྐྲུན་ཞུས་དང་ཞུ་མུས་བཞིན། དོན་གཉེར་ཅན་གྱི་ན་གཞོན་ཀློག་པ་པོ་རྣམས་པས་དོ་སྣང་ཡོང་བ་ཞུ།

བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སློབ་དེབ་པར་སྐྲུན་དང་འགྲེམས་སྤེལ་གནང་བ།

ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཀྱི་ཡིག་ཚང་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སྔོན་འགྲོ་ནས་འཛིན་རིམ་བཞི་པ་བར་གྱི་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ལེགས་བྱང་བཅས་མི་ཉམས་རྒྱུན་འཛིན་ཆེད་སློབ་དེབ་རྩོམ་སྒྲིག་ཞུས་པ།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་སློབ་ཁག་ཏུ་གཟིགས་སྐོར་ལེགས་གྲུབ་བྱུང་བ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་  ༢༥ ནས་ ༣༡ བར་ཉིན་དྲུག་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་སློབ་ཁག་དང་། དགོན་སྡེ་ཁག  དེ་བཞིན་གཞིས་ཆགས་བཅས་སུ་གཟིགས་སྐོར་གནང་ཡོད།

ཕྱི་ལོ་ ༢༠༢༥ ལོའི་རེ་ཊ་ཀུ་གཙུག་ལག་སློབ་གཉེར་ཁང་གི་སློབ་ཡོན་གསལ་བསྒྲགས།

༄༅། །ཉི་འོང་རེ་ཊ་ཀུ་གཙུག་ལག་སློབ་གཉེར་ཁང་ (Reitaku University, Japan) ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གཉིས་ལ་ལོ་གཅིག་རིང་ཉི་འོང་སྐད་ཡིག་སློབ་སྦྱོང་གི་སློབ་ཡོན་ཞལ་བཞེས་བྱུང་ཡོད་པས། གཞུང་འབྲེལ་མིན་པའི་སློབ་སྦྱོང་གུང་སེང་ཞུ་དགོས།

ཤེས་རིག་ལས་ཁུངས་ཀྱི་བྱིས་སྒྲུང་དྲུག་ཞུ་དག་ལེགས་གྲུབ་ཟིན་པ།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༢༦ རེས་གཟའ་པ་སངས་ཉིན་ཆོས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ་བྱིས་སྒྲུང་གསར་རྩོམ་བཞི་དང་བོད་སྒྱུར་བྱིས་སྒྲུང་གཉིས་བཅས་ཁྱོན་བྱིས་སྒྲུང་དཔེ་དེབ་དྲུག་ཞུ་དག་ལེགས་གྲུབ་གནང་ཟིན་ཡོད།

སློབ་དེབ་ཁག

ཤེར་རིག་སློབ་ཡོན་འཆར་གཞི་གསར་པ།

Menu