ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཕིན་ལེནཊ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངེས་སྟོན་པ་དང་མཇལ་འཕྲད་གནང་བ། ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཕིན་ལེནཊ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངེས་སྟོན་པ་དང་མཇལ་འཕྲད་གནང་བ། ༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཕིན་ལེནཌ་ནང་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Finnish-Tibet Committee) གསར་འཛུགས་གནང་མཁན་ལྕམ་སྐུ་ཨེར་ཇ་ཝ་རི་སི་ལགས་དང་མཇལ་འཕྲད་གནང་ཡོད ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཚན་པས་རྒྱ་གར་ལྷོ་ཕྱོགས་སུ་ཤེས་རིག་སློབ་ཡོན་སྐོར་གོ་རྟོགས་སྤེལ་བ། ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཚན་པས་རྒྱ་གར་ལྷོ་ཕྱོགས་སུ་ཤེས་རིག་སློབ་ཡོན་སྐོར་གོ་རྟོགས་སྤེལ་བ། ༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ཚེས་ ༢༢ ནས་ ༣༠ བར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཚན་པའི་ངོས་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་སློབ་ཕྲུག་རྣམས་ལ་ཤེས་རིག་སློབ་ཡོན་སྐོར་གོ་རྟོགས་དང་། སློབ་ཕྲུག་གི་གནས་སྟངས་རྟོག་ཞིབ་གནང་ཡོད། ཤེས་རིག་ལས་ཁུངས་ཀྱིས་བྱིས་སྒྲུང་གསར་པ་བཅུ་འདོན་སྤེལ་གནང་བ། ཤེས་རིག་ལས་ཁུངས་ཀྱིས་བྱིས་སྒྲུང་གསར་པ་བཅུ་འདོན་སྤེལ་གནང་བ། ༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ལོ་ལྟར་བོད་སློབ་ཁག་ཏུ་སློབ་ཕྲུག་ལ་ཕན་པའི་དཔེ་དེབ་མང་དག་ཅིག་པར་སྐྲུན་གྱིས་རིན་མེད་ཐོག་འགྲེམས་སྤེལ་གནང་མུས་ཡིན་པ་ལྟར། འདི་ལོའི་བྱིས་པའི་སྒྲུང་དེབ་གྲངས་ ༡༠ པར་སྐྲུན་གྱིས་འགྲེམས་སྤེལ་ཞུས་ཡོད།

ཟླ་རེའི་གསར་འགྱུར།

གསར་གནས།

ཁྱད་འབྱེད་སློབ་ཁྲིད་དང་ཕོ་མོར་གཞིགས་པའི་སློབ་ཁྲིད་ཀྱི་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༨ ཚེས་ ༠༢ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ལ་དྭགས་བོད་ཁྱིམ་སློབ་གྲྭར་གོ་སྒྲིག་ཞུས་པའི་ཁྱད་འབྱེད་སློབ་ཁྲིད་དང་ཕོ་མོར་གཞིགས་པའི་སློབ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་མཇུག་སྒྲིལ་བ།

ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་ཕོ་མོའི་ནུས་རྩལ་དགོས་མཁོ་གཞིར་བཟུང་སློབ་ཁྲིད་གནང་ཕྱོགས་ཀྱི་ཐབས་ལམ་སྐོར་ཟབ་སྦྱོང་གནང་བ།

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༧ ཚེས་ ༣༡ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ལ་དྭགས་བོད་ཁྱིམ་སློབ་གྲྭར་ཁྱད་འབྱེད་སློབ་ཁྲིད་དང་ཕོ་མོར་གཞིགས་པའི་སློབ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་གནང་ཡོད་པ་རེད། 

ཟློས་དགེའི་འོས་སྦྱོང་གི་གསལ་བསྒྲགས།

༄༅། །ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡༣ ནས་ཟླ་གྲངས་བཅོ་བརྒྱད་རིང་ཟློས་དགེའི་འོས་སྦྱོང་ཞིག་བོད་ཀྱི་ཟློས་གར་ཚོགས་པར་གོ་སྒྲིག་ཞུ་གཏན་འཁེལ་སོང་ན། བོད་ཀྱི་ཟློས་གར་རིག་གཞུང་དང་རོལ་དབྱངས་ལ་དོ་དབྱིངས་ཅན་ཚོས་ཤེས་རིག་དྲུང་ཆེའི་མཚན་ཐོག་སྙན་ཞུ་འབུལ་དགོས།

བོད་སྒྱུར་བྱིས་སྒྲུང་ཞུ་དག་ལེགས་གྲུབ་བྱུང་བ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༢༥ ཉིན་ཨ་རིའི་རོགས་དངུལ་གྱི་མཐུན་འགྱུར་འོག་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གིས་ཤེས་རིག་ཚོགས་ཁང་དུ་ཉིན་གཅིག་གི་རིང་བོད་སྒྱུར་བྱིས་སྒྲུང་དང་། བྱིས་སྒྲུང་གསར་རྩོམ་ཁག་ཅིག་ལ་ཞུ་དག་ཚོགས་འདུ་གོ་སྒྲིག་ཞུས་པ།

བོད་དགེའི་འོས་སྦྱོང་གི་གསལ་བསྒྲགས།

༄༅། །ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དང་མཐུན་པའི་དགེ་རྒན་འོས་སྦྱོང་གོ་སྒྲིག་ཞུ་མུས་ལྟར། འདི་ལོ་ཕྱི་ཟླ་ ༩ ཚེས་ ༥ ནས་ཟླ་གྲངས་བཅོ་བརྒྱད་ཀྱི་རིང་བོད་དགེའི་འོས་སྦྱོང་ཞིག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གོ་སྒྲིག་ཞུ་གཏན་འཁེལ་བ།

||      གསལ་བསྒྲགས།

Menu