ཟླ་རེའི་གསར་འགྱུར།

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་སྐོར་གྱི་གསུང་བཤད།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༧ ནས་ ༢༤ བར་དྷ་ས་ཁུལ་དུ་ཏཱ་ལའི་བླ་མ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་དགེ་བཤེས་ཡེ་ཤེས་རྒྱལ་མཚན་ལགས་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་གསུང་བཤད་ལས་རིམ་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་ཕྱི་ཚེས་ ༡༧ ནས་ ༡༨ བར་ཤེས་རབ་དགའ་ཚལ་སློབ་གླིང་དུ་སྔོན་འགྲོའི་སློབ་དགེའི་ཟབ་སྦྱོང་སྐབས་སྔོན་འགྲོའི་སློབ་དགེ་ ༡༡ དང་། ཟབ་སྦྱོང་གནང་མཁན་དགེ་རྒན་རྣམ་པར་དམིགས་བཀར་ཉིན་ཕྱེད་གཉིས་རིང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་དངོས་ཡོད་མི་ཚེའི་ནང་སྙིང་རྗེའི་རིན་ཐང་ཐོག་དཔེ་མཚོན་གྱི་ཐོག་ནས་འགྲེལ་བཤད་དང་ལག་བསྟར་ཐུབ་ཐབས་སྐོར་གསུང་བཤད་ཞིབ་ཕྲ་གནང་བ་དང་། ལྷག་པར་སྔོན་དགེ་རྣམས་བུད་མེད་ཡིན་པ་དང་། འབྱུང་འགྱུར་ཨ་མ་ཡིན་ངེས་པས་བྱིས་པའི་ལུས་སེམས་གཉིས་ཐོག་ནས་ཕྱོགས་ཡོངས་ཀྱི་འཚར་ལོངས་ཡོང་ཆེད་སྙིང་རྗེ་དང་གཞན་ཚོར་ཤེས་ནུས་ཀྱི་ཐོག་ནས་སྐྱེད་སྲིང་གནང་དགོས་སྐོར་བློ་སྟོབས་སྤེལ་གནང་སོང་། ཕྱི་ཚེས་ ༡༩ ཉིན་ས་རཱ་མཐོ་སློབ་ཀྱི་དགེ་སློབ་ ༢༥༠ ཙམ་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་གསུང་བཤད་དང་དྲི་བ་དྲིས་ལན་གནང་། ཕྱི་ཚེས་ ༢༠ ཉིན་ནོར་གླིང་མཐོ་སློབ་ཀྱི་དགེ་སློབ་ ༢༥ དང་། ཕྱི་ཚེས་ ༢༤ ཉིན་སྒྲོལ་མ་གླིང་བཙུན་དགོན་གྱི་དགེ་སློབ་ ༢༤༠ དང་། རྒྱ་གར་དང་བལ་ཡུལ་ནས་འཇང་དགུན་ཆོས་ལ་ཕེབས་པའི་བཙུན་མ་ ༢༥ བཅས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གལ་གནད་དང་ནང་དོན་ཞིབ་ཕྲ་ངོ་སྤྲོད་དང་འབྲེལ་དྲི་བ་དྲིས་ལན་གནང་ཡོད་པ་རེད།
གཞན་ཡང་དགེ་བཤེས་ལགས་ནས་ཕྱི་ཚེས་ ༢༨ ཉིན་ཅནྜིགར་མཐོ་སློབ་ཀྱི་སློབ་མ་རྣམས་དང་། ཕྱི་ཚེས་ ༢༩ ཉིན་ལྡི་ལི་བོད་ཁྱིམ་ཉལ་ཁང་བཅས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་གོ་རྟོགས་སྤེལ་གཏན་འཁེལ་ཡོད་པ་རེད། ཉེ་སྔོན་སྦེང་ལོར་དང་། མེངྒ་ལོར། མའེ་སོར་བཅས་ཀྱི་མཐོ་སློབ་བཅས་ཀྱི་མཐོ་སློབ་སློབ་མ་རྣམས་ལ་དགེ་བཤེས་ལགས་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་གོ་རྟོགས་སྤེལ་སྐབས་སློབ་མ་རྣམས་ཀྱི་དོ་དབྱིངས་ཆེན་པོ་གནང་ཡོད་པ་དང་། ད་རེས་རྡ་ས་ཁུལ་དུའང་དོ་སྣང་ཤུགས་ཆེན་གནང་སོང་བ་བཅས།

སྔོན་མ།
༄༅། །ལེགས་བཤད་འཕྲུལ་གྱི་དྲྭ་བ་བཞུགས།།
ཕྱི་མ།
བསླབ་བྱ་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།
Menu