ཟླ་རེའི་གསར་འགྱུར།

ཕྱི་ལོ་ ༢༠༡༩ ཨ་རིའི་མཐོ་སློབ་སློབ་ཡོན་གསལ་བསྒྲགས།

གསལ་བསྒྲགས།

ཨ་རི་ཕྱི་སྲིད་ལས་ཁུངས་ཀྱི་ཤེས་ཡོན་དང་རིག་གཞུང་སྡེ་ཚན་གྱི་རོགས་སྐྱོར་འོག་བོད་མིའི་སློབ་ཡོན་ལས་འཆར་ཁོངས་(རྒྱ་གར་ནས་བོད་རིགས་སློབ་ཕྲུག་ ༦ དང་། བལ་ཡུལ་ནས་ ༡ བཅས་)ཉུང་མཐར་སློབ་ཕྲུག་གྲངས་ ༧ ལ་ཕྱི་ལོ་ ༢༠༡༩ ལོར་ཨ་རིའི་ནང་མཐོ་སློབ་ཆེ་ཁག་ཏུ་གཙུག་ལག་རབ་འབྱམས་པའི་ལག་ཁྱེར་སློབ་ཡོན་གནང་རྒྱུའི་གསལ་བསྒྲགས་ཞུ་བ་དང་། སློབ་ཡོན་འདེམས་སྒྲུག་གི་ལས་དོན་ཞུ་སྒོ་མཐའ་དག་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་དང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཟུང་འབྲེལ་ཐོག་ལག་བསྟར་ཞུ་མུས་དང་། འདི་ལོའི་སློབ་ཡོན་འགེངས་ཤོག་དང་དགོས་མཁོའི་ཡིག་ཆ་ཡོངས་རྫོགས་དྲྭ་ཐོག་བཀང་འབུལ་དགོས་པ་དགོངས་འཇགས་ཞུ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ ༢༠༡༧ ཟླ་ ༡༢ ཚེས་ ༨ ལ།

གསལ་བསྒྲགས། དྲ་ཐག་འདི་ནས་གསལ་བསྒྲགས་ངོ་མ་ལ་གཟིགས་ཐུབ།
འགེངས་ཤོག དྲ་ཐག་འདི་ནས་འགེངས་ཤོག་བསྐང་བ་དང་དགོས་མཁོ་ཡིག་ཆ་རྣམས་འབུལ་ཐུབ། (སྙན་ཞུ་གསལ་འབུལ་ཚེས་མཐའ་མ་ཕྱི ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༦ གི་ཕྱི་དྲོ་ཆུ་ཚོད་ལྔ་པའི་སྔོན་ལ་ཡིན།)

འབྲེལ་གཏུགས་བྱ་ཡུལ་ཁ་བྱང།

རྒྱ་གར།

ངག་དབང་ཡོན་ཏན། ཁ་པར་ཨང་། : +91-1892-222572 & 222721
གློག་འཕྲིན། : [email protected]

ཨ་རི།

བསྟན་འཛིན་ཆོས་འཕེལ། ཁ་པར་ཨང་། : +1-212.213.5011
གློག་འཕྲིན། : [email protected]

བལ་ཡུལ།

ཚེ་རིང་སྟོབས་རྒྱལ། ཁ་པར་ཨང་། : +977-1-5000036 & 5000002
གློག་འཕྲིན། : [email protected]

སྔོན་མ།
བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་བཅོ་བརྒྱད་པ་ལེགས་གྲུབ་ཟིན་པ།
ཕྱི་མ།
ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་ཟབ་སྦྱོང་དབུ་འཛུགས་གནང་།
Menu