ཟླ་རེའི་གསར་འགྱུར།

བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་དགེ་རྒན་ཟབ་སྦྱོང་ལེགས་གྲུབ་བྱུང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢༣ རེས་གཟའ་ཟླ་བ་ཉིན། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱིས་གོ་སྒྲིག་ཞུས་པའི་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་དགེ་རྒན་ཟབ་སྦྱོང་མཇུག་སྒྲིལ།
དེ་ཡང་མཇུག་སྡོམ་གྱི་མཛད་སྒོར་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་རྣམ་གཉིས་ཆེད་ཕེབས་གནང་ཡོད་པ་དང་། ཤེས་རིག་བཀའ་བློན་མཆོག་ཨ་རིར་འཚམས་གཟིགས་གནང་དགོས་དོན་གཙོ་བོ་ནི། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་དགེ་རྒན་ཟབ་སྦྱོང་གི་ཚོགས་བཅར་བ་རྣམས་ལ་ཟབ་ཁྲིད་དང་བྱང་ཨ་རི་མི་ནི་སོ་ཊའི་བོད་རིགས་སོགས་ལ་ཐུག་འཕྲད་ཆེད་ཡིིན་འདུག
མི་ནི་སོ་ཊའི་བོད་རིགས་རྣམས་དང་ཐུག་འཕྲད་སྐབས་ཐོག་མར་མི་ནི་སོ་ཊའི་ཨར་བོད་མཐུན་ཚོགས་ཀྱི་ཚོགས་གཙོ་ངག་དབང་འཆི་མེད་ལགས་ཀྱིས་བཀའ་བློན་མཆོག་གིས་གཙོས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དང་། སྤྱི་འཐུས་ཚེ་དབང་རིག་འཛིན་ལགས། སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས། དེ་བཞིན་ཚོགས་བཅར་བ་ཡོངས་ལ་ཕེབས་བསུ་དང་སྦྲགས་ཐུགས་རྗེ་ཆེ་ཞུས་ཡོད། སྐབས་དེར་ཤེས་རིག་བཀའ་བློན་མཆོག་གིས་ཕྲུ་གུ་རྣམས་ལ་རང་ཉིད་ཀྱི་སྒེར་གྱི་མི་ཚེ་ལོ་རྒྱུས་དང་འབྲེལ་ནས་བོད་ཡིག་སློབ་དགོས་པའི་སྐོར་གཙོ་འདོན་གནང་།
དེ་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་མང་གཙོའི་སྒྲིག་འཛུགས་ནང་མི་མང་ལ་ཐོབ་ཐང་ཡོད་པ་བཞིན་འགན་ཁུར་ཡང་ཡོད་པས། མང་ཚོགས་ཁྲོད་ཐོབ་ཐང་དང་འོས་འགན་སྐོར་གོ་རྟོགས་གང་ཐུབ་སྤེལ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས།
ཟབ་སྦྱོང་དེ་བཞིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་མི་ནེ་སོ་ཊའི་ཨར་བོད་མཐུན་ཚོགས་ Tibetan American Foundation of Minnesota གཉིས་ཀྱི་མཐུན་འགྱུར་རོགས་རམ་འོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་གནང་བ་ཞིག་ཡིན།
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ ༡༣ ནས་ཕེབས་པའི་དགེ་རྒན་གྲངས་ ༤༥ ཟབ་སྦྱོང་ཐོག་མཉམ་ཞུགས་གནང་ཡོད། ཤེས་རིག་བཀའ་བློན་མཆོག་གིས་ཚོགས་བཅར་བ་རྣམས་ལ་སློབ་ཁྲིད་རིག་པའི་སྐོར་སློབ་ཁྲིད་གནང་བ་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱིས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་དང་། བསྟན་འཛིན་ལགས་ཀྱིས་སློབ་ཕྲུག་གི་སེམས་ཁམས་རིག་པའི་སྐོར། དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་ཤེས་ལྷན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་དེང་རབས་ཀྱི་འཕྲུལ་ཆས་ཀྱི་ལམ་ནས་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་ཕྱོགས་ཐད་ཟབ་ཁྲིད་གནང་ཡོད། སྐབས་དེར་ཟབ་སྦྱོང་སླད་ཞལ་འདེབས་ཀྱི་ལམ་ནས་མཐུན་འགྱུར་གནང་མཁན་ཨ་ཤི་ནང་མི་དང་། ཅེ་ལ་ Chela ལགས། ཇོན་Jon ལགས། བླ་མ་པདྨ་དབང་གྲགས་ལགས་བཅས་ཡིན་འདུག་པ་བཅས།།

སྔོན་མ།
ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་རྒྱུས་སྟོན་པའི་ཟབ་སྦྱོང་ཐེངས་གཉིས་པ་མཇུག་བསྒྲིལ།
ཕྱི་མ།
ཕྱི་ལོ་ ༢༠༡༩ ལོའི་བཱེ་རི་ཡ་མཐོ་སློབ་ཀྱི་སློབ་ཡོན་གསལ་བསྒྲགས།
Menu