ཟླ་རེའི་གསར་འགྱུར།

ཤེས་རིག་དཔར་ཁང་ནས་དམིགས་བསལ་དཔེ་དེབ་ཆག་ཡང་གསལ་བསྒྲགས།

གསར་འཕྲིན།

༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན་གངས་ལྗོངས་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེའི་སྲོག་རྩ་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགུང་གྲངས་ ༧༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་ཤེས་དཔར་འགོ་ལས་ཡོངས་ནས། མཚུངས་པ་མེད་པའི་མགོན་པོ་གང་ཉིད། འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་མགོན་དང་དཔུང་གཉེན་དམ་པར་མགོན་པོ་ཚེ་མཐའ་ཡས་པའི་ངོ་བོར་སྐུ་ཚེ་༸ཞབས་པད་མཆོག་ཏུ་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་མྱུར་དུ་འགྲུབ་པ་དང་། བོད་གཞིས་བྱེས་མཉམ་འཛོམས་ཀྱི་ཉིན་མོ་མྱུར་དུ་བསུས་ཏེ་རང་དབང་བདེ་སྐྱིད་ཀྱི་ དཔལ་ཡོན་ལ་ལོངས་སྤྱོད་པའི་སྨོན་འདུན་དང་བཅས་པའི་འཚམས་འདྲི་བཀྲ་ཤིས་བདེ་ ལེགས་ཞུ། དེ་དང་ཆབས་ཅིག་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དང་ཤེས་རིག་དཔར་ཁང་ ལོ་ ༥༠ འཁོར་བའི་དུས་ཆེན་དེར་ཕྱི་ལོ་ ༢༠༡༡།༧།༦ ནས། ཕྱི་ལོ་ ༢༠༡༡།༨།༢༡ བར། ཤེས་རིག་དཔར་ཁང་དཔེ་དེབ་ཁག་དམིགས་བསལ་ཆག་ཡང་ཐོག་སྤུས་ཚོང་ཞུ་རྒྱུ་གཤམ་གསལ།
ཀ ཤེས་དཔར་དཀར་ཆག་སྡེ་ཚན་ཏ་དང་ཐལ་བརྒྱ་ཆ་ ༦།
ཁ ཤེས་དཔར་དཀར་ཆག་སྡེ་ཚན་ཉབརྒྱ་ཆ་ ༡༠།
ག དེ་བྱིངས་ཤེས་དཔར་དཀར་ཆག་སྡེ་ཚན་ཁག་ལ་བརྒྱ་ཆ་ ༡༥།༢
གོང་གསལ་དམིགས་བསལ་ཆག་ཡང་ཐོབ་ཁུངས་ཞལ་བྱང་གཤམ་གསལ།
1- Director,
Tibetan Cultural & Religious Publication Centre
R-27 & 28, Ramesh Park, Laxmi Nagar, Delhi:- 110092
Telefax: 0091-11-22455634, Tel: 22453672, Director:22013260(R)
Email: [email protected]
2- Sherig Parkhang(TCRPC) Shop
House No. 179B, Tibetan Colony(Back Side of Tibetan Day School)
Majnu Ka Tilla, Delhi: 54, Tel: 011-23810830
3- Branch Manager,
Sherig Parkhang (TCRPC) Session Road, K.B.Dharamsala: 176215, Distt. Kangra (H.P.)   Tel: 01892-222673
4- Sherig Parkhang Shop, Session Road, K.B.Dharamsala: 176215, Distt. Kangra (H.P.)
5- Sherig Parkhang Shop,
Mcleod Ganj-176219, Distt. Kangra(H.P.)
༢༽ སྔ་ལོ་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་ཞི་བའི་གཟེངས་རྟགས་བཅས་ལ་ཤེས་ རིག་དཔར་ཁང་ནས་དམིགས་བསལ་ཆག་ཡང་ཐོག་སྤུས་ཚོང་ཞུས་ཡོད་ནའང་ས་གནས་ལྡི་ལི་དང་ རྡ་ས་གཉིས་མ་གཏོགས་ས་གནས་བྱིངས་ལ་དམིགས་བསལ་ཆག་ཡང་མ་ཐོབ་པར་བརྟེན། སྔ་ལོ་དང་འདི་ལོ་ཕྱི་ལོ་ ༢༠༡༡།༨།༢༡ བར་ས་གནས་ཡོངས་ལ་གོ་སྐབས་ཕུལ་ཡོད་པས་དགའ་བཞེས་ཐོག་བཀའ་མངགས་གནང་རྒྱུ་དང་ སྦྲག་གླ་དོ་ཆས་འོར་འདྲེན་སོགས་དེབ་ཡོན་ཐོག་ཟུར་སྣོན་ཞུ་དགོས་པ་དགོངས་འཇགས་ ཞུ།
༣༽ ༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཕྱི་ལོ་ ༢༠༡༡།༧།༦ ཉིན་ལྡི་ལི་དབུས་ཤེས་དཔར་དུ་༸གོང་ས་མཆོག་གི་སྐུའི་ཁམས་མཐུན་གྱི་རླུང་རྟ། སྒྲོལ་མ། རྒྱལ་མཚན་རྩེ་མོ་བཅས་དར་ཆེན་གསུམ་དང་ཕྱོགས་བཞིར་དར་ཆུང་ཆ་ཚང་འཛུགས་རྒྱུ་ དང་། ཤེས་དཔར་ལས་བྱེད་ཡོངས་ནས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་འཕྲིན་བཅོལ་ དང་འབྲེལ་བསང་གསོལ་ཟབ་རྒྱས་ཞུས་རྗེས་བོད་སྒར་བསམ་གཡས་གླིང་དུ་མཛད་སྒོ་སྔར་ ལམ་ལྟར་བཅར་རྒྱུ་ཡིན། ལྡི་ལི་ཤེས་རིག་དཔར་ཁང་དབུས་ཡིག་ཚང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༨ ལ།།

སྔོན་མ།
ཝེ་ནི་སིའི་ཚོང་པ། (དུམ་ཚན་གཉིས་པ)
ཕྱི་མ།
མི་ཆོས་གནད་ཀྱི་ཕྲེང་བ།
Menu