སློབ་མའི་ཡིག་གཟུགས་འགྲན་བསྡུར།

ཕྱི་ལོ་ ༢༠༡༧ ལོའི་ཕུལ་བྱུང་བོད་ཡིག་ཡིག་གཟུགས་བྱ་དགའི་ལས་རིམ་ལག་བསྟར་གནང་ཕྱོགས་སྒྲིག་གཞི་གཤམ་གསལ།

༡། སྔོན་འགྲོའི་འདེམས་སྒྲུག་གི་བྱེད་སྒོ།

༡་༡         སློབ་གྲྭ་སོ་སོའི་འབྲེལ་ཡོད་བོད་དགེ་ཚང་མ་སྔོན་འགྲོ་འདེམས་སྒྲུག་ཚོགས་ཆུང་གི་ཚོགས་མི་ཡིན་དགོས།
༡་༢        ཤེས་རིག་ལས་ཁུངས་ནས་ཡིག་གཟུགས་འགྲན་བསྡུར་གྱི་དུས་ཚེས་གསལ་བསྒྲགས་འབྱོར་འཕྲལ་འབྲེལ་ཡོད་བོད་དགེ་རྣམས་ནས་འཛིན་གྲྭ་སོ་སོའི་ནང་ཡིག་གཟུགས་འགྲན་བསྡུར་གྱི་ལས་འཆར་སྤེལ་ཏེ་འཛིན་རིམ་སོ་སོའི་སློབ་མ་རྩེ་ཕུད་ ༣ རེ་རྩེ་བཏོགས་ཀྱིས་དངོས་གཞིའི་ཡིག་གཟུགས་འགྲན་བསྡུར་ནང་ཞུགས་རྒྱུ།
༡་༣    སློབ་གྲྭ་སོ་སོའི་འཛིན་རིམ་རེ་ལ་སྡེ་ཚན་ཀ་ཁ་ཇི་ཙམ་ཡོད་ཀྱང་དེ་དག་ཚང་མ་གཅིག་ཏུ་བསྒྲིལ་ཏེ་རྩེ་ཕུད་སློབ་མ་གསུམ་ལས་འདེམས་སྒྲུག་མི་ཆོག

༢།  འགྲན་བསྡུར་ལ་རྟོག་ཞིབ་གནང་མཁན་ཡོང་ཁུངས།

 ༢་༡  མཐའ་མའི་སློབ་ཕྲུག་རྩེ་ཕུད་རྣམས་ཀྱི་འགྲན་བསྡུར་ལ་རྟོག་ཞིབ་གནང་མཁན་ཁོངས།
ས་གནས་འགོ་འཛིན་ལས་ཁང་གི་སྐུ་ཚབ་ ༡ དང༌། དགེ་རྒན་ཕ་མའི་ཚོགས་ཆུང་གི་འཐུས་མི་ ༡ ། སློབ་གྲྭའི་སློབ་སྤྱིའམ་རེག་ཊར། དགེ་ཆེ་གང་རུང་གཅིག་བཅས་ནས་རྟོག་ཞིབ་དགོས་རྒྱུ།

༣ དངོས་གཞིའི་འདེམས་སྒྲུག

༣་༡      ཡིག་གཟུགས་འགྲན་བསྡུར་གྱི་དུས་ཚེས་གཏན་འཁེལ་ཉིན་རྟོག་ཞིབ་ཚོགས་ཆུང་གི་ཚོགས་མི་ཚང་འཛོམས་ཀྱི་མདུན་སར། ཤེས་རིག་ལས་ཁུངས་ནས་སྦྲག་གཏོང་གནང་བའི་ཡིག་གཟུགས་མ་དཔེའི་ཐུམ་སྒྲིལ་ཁ་འབྱེད་རྒྱུ།
༣་༢   ཡིག་གཟུགས་འགྲན་བསྡུར་གྱི་དུས་ཡུན་ཆུ་ཚོད་ ༢ ལས་མང་མི་ཆོག
༣་༣   ཡིག་གཟུགས་འབྲི་སའི་ཤོག་བུའི་ཆ་ཚད་ A4 ཡིན་དགོས།
༣་༤   ཞ་སྨྱུག་དང་སྣུམ་སྨྱུག་(Ball Pen)གིས་ཡིག་གཟུགས་འབྲི་མི་ཆོག
༣་༥    ཡིག་གཟུགས་བྲིས་ཤོག་སྟེང་ཚོགས་ཆུང་ཚང་མའི་ལས་དམ་དང་མཚན་རྟགས་ངེས་པར་དུ་དགོད་དགོས། ལས་དམ་དང་མཚན་རྟགས་མེད་ཚེ་ཤེས་རིག་ལས་ཁུངས་ནས་བྲིས་ཤོག་ལ་ངོས་ལེན་ཞུ་རྒྱུ་མིན།
༣་༦    འགྲན་བསྡུར་གྱི་དུས་ཡུན་རྫོགས་འཕྲལ་སློབ་ཕྲུག་གི་ཡིག་གཟུགས་བྲིས་ཤོག་རྣམས་ཐུམ་སྒྲིལ་བརྒྱབ་སྟེ། ཡིག་སྐོགས་སྟེང་རྟོག་ཞིབ་པའི་མཚན་རྟགས་དང་སློབ་གྲྭའི་ལས་དམ་བཀོད་དེ་ཉིན་དེ་རང་ལ་དེབ་བཀོད་སྦྲག་གཏོང་(Registered)གནང་དགོས།
༣་༧     གལ་ཏེ་དམིགས་བསལ་རྒྱུ་མཚན་དབང་གིས་ཐུམ་སྒྲིལ་རྣམས་དེ་ཉིན་སྦྲག་གཏོང་མ་ཐུབ་ཚེ། རྒྱུ་མཚན་ཞིབ་འཁོད་ཀྱི་གནས་བྲིས་ཐོག་རྟོག་ཞིབ་གནང་མི་ཡོངས་ཀྱི་ས་རྟགས་འཁོད་དེ་ཤེས་རིག་ལས་ཁུངས་སུ་གཏོང་དགོས།
༣་༨  ཡིག་གཟུགས་འབྲི་སྐབས་འཛིན་རིམ་དྲུག་པ་ཡན་ཤོག་བུའི་གཞུང་ལ་འབྲི་གནང་དགོས་རྒྱུ་དང་།  ཤོག་བུའི་འཕྲེད་གཞུང་གི་ཞེང་ཚད་ནི། འཕྲེད་ལ་(10.5cm) དང་། གཞུང་ལ་(18 cm) བྱས་པའི་སྟེང་འབྲི་རྒྱུ་དང་དེ་ལས་མ་བརྒལ་བར་བྱེད་དགོས།

༤། ཡིག་གཟུགས་འགྲན་བསྡུར་འདིའི་ཁོངས་རྒྱ་བལ་གཉིས་ཀྱི་ནང་ཡོད་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཡོངས་རྫོགས་ཚུད་ཡོད་ཅིང་།  འགྲན་བསྡུར་སྐབས་འཛིན་རིམ་སོ་སོའི་ཡིག་གཟུགས་ཀྱི་ཆ་ཚད་གཤམ་གསལ་ལྟར་བྲི་དགོས། 
ཨང་། འཛིན་གྲྭ ཡིག་གཟུགས་ཆ་ཚད། མཉམ་ཞུགས་གནང་མཁན་གྲངས།
འཛིན་རིམ་དང་པོ། ཚུགས་རིང༌།
འཛིན་རིམ་གཉིས་པ། ཚུགས་རིང༌།
འཛིན་རིམ་གསུམ་པ། ཚུགས་ཐུང༌།
འཛིན་རིམ་བཞི་པ། ཡིག་ཆུང༌།
འཛིན་རིམ་ལྔ་པ། ཡིག་ཆུང༌།
འཛིན་རིམ་དྲུག་པ། ཚུགས་མ་འཁྱུག
འཛིན་རིམ་བདུན་པ། ཚུགས་མ་འཁྱུག
འཛིན་རིམ་བརྒྱད་པ། ཚུགས་མ་འཁྱུག
འཛིན་རིམ་དགུ་པ། ཚུགས་མ་འཁྱུག
༡༠ འཛིན་རིམ་བཅུ་པ། ཚུགས་མ་འཁྱུག
༡༡ འཛིན་རིམ་བཅུ་གཅིག འཁྱུག་ཡིག
༡༢ འཛིན་རིམ་བཅུ་གཉིས། འཁྱུག་ཡིག

བདམས་ཐོན་བྱུང་བའི་ཡིག་གཟུགས་ཁག

ཕྱི་ལོ་༢༠༡༩-༢༠ ལོའི་རྒྱལ་ཡོངས་ཡིག་གཟུགས་འགྲན་སྡུར་ནང་བྱ་དགའ་ཐོབ་པའི་ཡིག་གཟུགས།
ཕྱི་ལོ་༢༠༡༨ ལོའི་རྒྱལ་ཡོངས་ཡིག་གཟུགས་འགྲན་སྡུར་ནང་བྱ་དགའ་ཐོབ་པའི་ཡིག་གཟུགས།
ཕྱི་ལོ་༢༠༡༧ ལོའི་རྒྱལ་ཡོངས་ཡིག་གཟུགས་འགྲན་སྡུར་ནང་བྱ་དགའ་ཐོབ་པའི་ཡིག་གཟུགས།
ཕྱི་ལོ་༢༠༡༦ ལོའི་རྒྱལ་ཡོངས་ཡིག་གཟུགས་འགྲན་སྡུར་ནང་བྱ་དགའ་ཐོབ་པའི་ཡིག་གཟུགས།
ཕྱི་ལོ་༢༠༡༥ ལོའི་རྒྱལ་ཡོངས་ཡིག་གཟུགས་འགྲན་སྡུར་ནང་བྱ་དགའ་ཐོབ་པའི་ཡིག་གཟུགས།
ཕྱི་ལོ་༢༠༡༤ ལོའི་རྒྱལ་ཡོངས་ཡིག་གཟུགས་འགྲན་སྡུར་ནང་བྱ་དགའ་ཐོབ་པའི་ཡིག་གཟུགས།
ཕྱི་ལོ་༢༠༡༣ ལོའི་རྒྱལ་ཡོངས་ཡིག་གཟུགས་འགྲན་སྡུར་ནང་བྱ་དགའ་ཐོབ་པའི་ཡིག་གཟུགས།
ཕྱི་ལོ་༢༠༡༢ ལོའི་རྒྱལ་ཡོངས་ཡིག་གཟུགས་འགྲན་སྡུར་ནང་བྱ་དགའ་ཐོབ་པའི་ཡིག་གཟུགས།
ཕྱི་ལོ་༢༠༡༡ ལོའི་རྒྱལ་ཡོངས་ཡིག་གཟུགས་འགྲན་སྡུར་ནང་བྱ་དགའ་ཐོབ་པའི་ཡིག་གཟུགས།
ཕྱི་ལོ་༢༠༡༠ ལོའི་རྒྱལ་ཡོངས་ཡིག་གཟུགས་འགྲན་སྡུར་ནང་བྱ་དགའ་ཐོབ་པའི་ཡིག་གཟུགས།
ཕྱི་ལོ་༢༠༠༩ ལོའི་རྒྱལ་ཡོངས་ཡིག་གཟུགས་འགྲན་སྡུར་ནང་བྱ་དགའ་ཐོབ་པའི་ཡིག་གཟུགས།
ཕྱི་ལོ་༢༠༠༨ ལོའི་རྒྱལ་ཡོངས་ཡིག་གཟུགས་འགྲན་སྡུར་ནང་བྱ་དགའ་ཐོབ་པའི་ཡིག་གཟུགས།
ཕྱི་ལོ་༢༠༠༧ ལོའི་རྒྱལ་ཡོངས་ཡིག་གཟུགས་འགྲན་སྡུར་ནང་བྱ་དགའ་ཐོབ་པའི་ཡིག་གཟུགས།
Menu