ཟླ་རེའི་གསར་འགྱུར།

ཨང་རྩིས་སྦྱོང་དེབ་བསྐྱར་ཞིབ་དང་གཏན་འབེབས་ཚོགས་འདུ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༦ ནས་ ༢༧ བར་ཉིན་གཉིས་རིང་འདི་ག་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གིས་གོ་སྒྲིག་འོག འཛིན་རིམ་དང་པོ་དང་གཉིས་པའི་ཨང་རྩིས་སྦྱོང་དེབ་བསྐྱར་ཞིབ་དང་གཏན་འབེབས་ཀྱི་ཚོགས་འདུ་གོ་སྒྲིག་ཞུས།
ཚོགས་འདུའི་ནང་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་དང་འབྲེལ་ཡོད་འགན་འཁུར་བ་རྣམ་པ་དང་། ཤེས་རིག་ལས་ཁུངས་ནས་བསྐོ་བཞག་གནང་བའི་དྷ་སྟེང་བོད་ཁྱིམ་གྱི་ཨང་རྩིས་རྒྱུས་སྟོན་པ་རྒན་འཕྲིན་ལས་དཔལ་མོ་ལགས་དང་། ཨང་རྩིས་དགེ་རྒན་བསོད་ནམས་ཆོས་སྒྲོན་ལགས། ར་ཇ་པུར་བོད་ཁྱིམ་གྱི་ཨང་རྩིས་དགེ་རྒན་པདྨ་ཆོས་སྐྱིད་ལགས། དྷ་ཤོད་དཔེ་སྟོན་སློབ་གྲྭའི་ཨང་རྩིས་དགེ་རྒན་ཚེ་དབང་ལྷ་མོ་ལགས་བཅས་བསྐྱར་ཞིབ་ཚོགས་མི་རྣམ་པ། ཨང་རྩིས་སློབ་དེབ་རྩོམ་སྒྲིག་པ་གཉིས་བཅས་མཉམ་འཛོམས་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་གཏན་ལ་ཕབ་པའི་གཞི་རིམ་འོག་མའི་ཨང་རྩིས་བསླབ་གཞིའི་རྩ་འཛིན་གྱི་འབྲུ་དོན་ལྟར། ཨང་རྩིས་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གིས་གཏན་འབེབས་ཟིན་ཏེ་བཙན་བྱོལ་ནང་གི་བོད་སློབ་ཁག་ཏུ་ལག་བསྟར་གནང་བཞིན་པའི་ཨང་རྩིས་སློབ་དེབ་གསར་བ་ལ་གཙོ་བཟུང་གིས་རྩོམ་སྒྲིག་ཟིན་པའི་ཨང་རྩིས་སྦྱོང་དེབ་གཉིས་ཀྱི་རགས་ཟིན་ལ་སྦྱངས་བཤད་ཀྱིས་བསྐྱར་ཞིབ་དང་གཏན་འབེབས་བྱས་པ་དང་། རིང་མིན་ཕྱི་ཟླ་ ༨ པའི་ནང་པར་བསྐྲུན་གྱིས་བོད་སློབ་ཁག་ལ་རིན་མེད་འགྲེམས་སྤེལ་ཞུ་འཆར་འདུག་པ་བཅས།

སྔོན་མ།
བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་བཅུ་དགུ་པ་ལེགས་གྲུབ་ཟིན་པ།
ཕྱི་མ།
བསླབ་པ་མཐར་སོན་དང་སྲི་ཞུའི་ལས་བྱེད་དམིགས་སྒོའི་འོས་སྦྱོང་མཇུག་སྡོམ་མཛད་སྒོ།
Menu