ཟླ་རེའི་གསར་འགྱུར།

༢༠༢༡ ལོའི་སྲིད་སྐྱོང་ཆེད་ལས་སློབ་ཡོན་གསལ་བསྒྲགས།

གསལ་བསྒྲགས།, སློབ་ཡོན་གསལ་བརྡ།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་། ཨ་རི་བོད་ཀྱི་ཐེབས་རྩ་ཐུན་མོང་ནས་གསལ་བསྒྲགས་ཞུ་རྒྱུར། འདི་ལོར་སྲིད་སྐྱོང་ཆེད་ལས་སློབ་ཡོན་འདི་གཙུག་ལག་རབ་འབྱམས་པའི་སློབ་ཕྲུག་ ༥  ལ་སློབ་ཡོན་གནང་རྒྱུ་དང་། སློབ་ཡོན་འདི་ཤེས་རིག་ལས་ཁུངས་བརྒྱུད་ཨ་རི་བོད་ཀྱི་ཐེབས་རྩ་ནས་གནང་རྒྱུ། སློབ་ཡོན་ལས་འཆར་འདིའི་དམིགས་ཡུལ་གཙོ་བོ་ནི། རྒྱ་བལ་འབྲུག་གསུམ་གནས་འཁོད་བོད་མིའི་སློབ་ཕྲུག་རྩེ་ཕུད་རྣམས་རང་ཉིད་ཀྱི་འདོད་མོས་ཆེ་བའི་ཆེད་ལས་སློབ་སྦྱོང་བྱ་རྒྱུའི་རོགས་སྐྱོར་ཆེད་ཡིན། གཤམ་གསལ་དགོས་ངེས་ཆ་རྐྱེན་ཚང་རིགས་ནས་ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༣༡ འགྱངས་མེད་གཤམ་གསལ་དྲྭ་ལམ་སྦྲེལ་ཐག་བརྒྱུད་འཚང་སྙན་ཕུལ་ཟིན་དགོས།

དྲྭ་ལམ་སྦྲེལ་ཐག  https://forms.gle/pEL8qyTNnkgh8kG68

སློབ་ཚན་ཁག 

འཚང་སྙན་འབུལ་མི་རྣམས་ནས་གཤམ་གསལ་སློབ་ཚན་གང་རུང་ཐོག་སློབ་གཉེར་བྱེད་འདོད་ཡོད་པ་ཞིག་ངེས་པར་དགོས།

Master in Medicine (MD/MS), Master in Dental Surgery (MDS), Master in Technology(M.Tech), Master in Business Administration (MBA), Master in Computer Application(MCA), Master in Pharmacy (M Pharm) Master in Physiotherapy (MPT), Master of Law (LLM).

 

སློབ་ཡོན་ཚད་གཞི། 

སློབ་ཡོན་འདིའི་ཁོངས་འདེམས་ཐོན་བྱུང་བའི་སློབ་མ་སོ་སོས་མཐོ་སློབ་ཏུ་སློབ་ཡོན་ཕུལ་བའི་བྱུང་འཛིན་ནང་གསལ་ལྟར་སློབ་ཡོན་མཐོ་ཚད་ཧིན་སྒོར་འབུམ་གཉིས་ (༢༠༠༠༠༠།) བར་འབུལ་རྒྱུ་དང་།  སློབ་ཡོན་མ་ཡིན་པའི་འགྲོ་གྲོན་གཞན་ཆེད་ཧིན་སྒོར་ལྔ་ཁྲི་ (༥༠༠༠༠།) བཅས་འབུལ་རྒྱུ།   སྲིད་སྐྱོང་ཆེད་ལས་སློབ་ཡོན་མུ་མཐུད་འཐོབ་པར་སློབ་ཕྲུག་སོ་སོའི་ལོ་རིམ་གྱི་ཡིག་རྒྱུགས་འཕྲོད་པའི་ཐོག་ཕྱོགས་བསྡོམས་བརྒྱ་ཆ་ ༦༠ ལོན་པ་དང་། འཛིན་གྲྭའི་འབྱོར་ཐོ་བརྒྱ་ཆ་ ༧༥ ལོན་པ་ཞིག་དགོས།

སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་དང་། དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ།

  1. འཚང་སྙན་འབུལ་མི་རྣམས་བཙན་བྱོལ་བོད་མི་ཡིན་པ་གང་ཞིག་དོ་བདག་དང་ཕ་མའི་དྭང་བླངས་དཔྱ་དངུལ་ ༢༠༢༠ བར་གཙང་འབུལ་ཟིན་པ་དང་།  རྒྱ་གར་དུ་གནས་སྡོད་བྱེད་མཁན་ཡིན་ན་རྒྱ་གར་དུ་གནས་སྡོད་ཆོག་པའི་ཡིག་ཆ་དུས་འགྱངས་བཀའ་འཁྲོལ་ཡོད་པ་ཞིག་དགོས། ཞིབ་ཕྲའི་གནས་ཚུལ་ཁག་ འགེངས་ཤོག་ཀ་པའི་ ནང་ཁ་གསལ་བཀང་སྟེ་རང་ཉིད་ཀྱི་གནས་ཡུལ་ས་གནས་འགོ་འཛིན་ནས་དག་མཆན་ཞུ་དགོས།
  2. འཚང་སྙན་འབུལ་མི་རྣམས་ངོས་འཛིན་ཡོད་པའི་གཙུག་ལག་སློབ་གཉེར་ཁང་ཞིག་ནས་གོང་འཁོད་སློབ་ཚན་གང་རུང་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཉུང་མཐར་བརྒྱ་ཆ་ ༧༠ ལོན་པ་ཞིག་དགོས།  ཉེ་བའི་གཙུག་ལག་རབ་འབྱམས་པའི་ཡིག་རྒྱུགས་ཨང་ཤོག་དང་ལག་འཁྱེར་གྱི་ངོ་བཤུས་འབུལ་དགོས།
  3. རང་ཉིད་ཀྱི་མཐོ་རིམ་སློབ་དཔོན་ནས་རྒྱབ་གཉེར་ཡི་གེའི་འགེངས་ཤོག་ཟུར་ཡོད་ལྟར་ཞིབ་བཀང་གིས་འབུལ་དགོས།
  4. དོ་བདག་གི་ལོ་རྒྱུས་སྙིང་བསྡུས་ Curriculum Vitae ཤོག་གྲངས་གཉིས་ལས་མ་ཉུང་བ་འབུལ་དགོས།
  5. རང་ཉིད་ཀྱི་ཞུ་སྙན་ཆེད་རྩོམ་ Personal Statement ཤོག་གྲངས་གཅིག་ལས་མ་ཉུང་བ་འབུལ་དགོས།
  6. ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་དུས་སྐབས་སྲིད་སྐྱོང་ཆེད་ལས་སློབ་ཡོན་ཐོབ་པ་རྣམས་ལ་སློབ་ཡོན་འདིའི་ཁོངས་འཚང་སྙན་འབུལ་མི་ཆོག

སློབ་ཡོན་འདེམས་སྒྲུག་བརྒྱུད་རིམ་ཁག་གཤམ་གསལ།

  1. སློབ་ཡོན་འདེམས་སྒྲུག་ཆེད་ངག་རྒྱུགས་བཞེས་རྒྱུ།
  2. ངག་རྒྱུགས་བརྒྱ་ཆ་གཅིག་མཚུངས་བྱུང་ཚེ་ཉེ་བའི་གཙུག་ལག་རབ་འབྱམས་པའི་བརྒྱ་ཆ་རྩེ་ཏོག་གིས་འདེམས་སྒྲུག་བྱ་རྒྱུ།

ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༡༨ ལ།།

གསལ་བསྒྲགས་ངོ་མ་འདི་ནས་ལྟ་ཐུབ།
འགེངས་ཤོག་”ཀ་པ”

འབྲེལ་གཏུགས་བྱ་ཡུལ། བསོད་ནམས་བཟང་མོ། [email protected]
བློ་བཟང་དར་རྒྱས། [email protected]

 

Department of Education, CTA
Gangchen Kyishong
Dharamsala – 176 215
Dist. Kangra, Himachal Pradesh, India
Ph: 01892 – 226695, 222572, 222721
Website: www.sherig.org/www.lamton.org

སྔོན་མ།
༢༠༢༡ ལོའི་ཡིག་འགྲུལ་གྱི་ལམ་ནས་མཐོ་རིམ་སློབ་ཡོན་གསལ་བསྒྲགས།
ཕྱི་མ།
ཨ་རིའི་བོད་མིའི་སློབ་ཡོན་གྱི་མི་འགྲོ་འདེམས་སྒྲུག་ཆེད་སྔོན་འགྲོའི་བོད་ཡིག་ཡིག་རྒྱུགས་གོ་སྒྲིག་ཞུས།
Menu