ཟླ་རེའི་གསར་འགྱུར།

ཕྱི་ལོ་ ༢༠༢༠ ལོའི་ཡིག་འགྲུལ་གྱི་ལམ་ནས་མཐོ་རིམ་སློབ་ཡོན་གསལ་བསྒྲགས།

གསལ་བསྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཡིག་འགྲུལ་གྱི་ལམ་ནས་སློབ་གཉེར་བྱ་རྒྱུའི་ཆེད་སློབ་ཡོན་ས་མིག་གྲངས་ ༧༥ ཡོད་པའི་གསལ་བསྒྲགས་ཞུ་རྒྱུར། སློབ་ཡོན་འདི་བཞིན་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་དབུས་ས་གཉིས་ཀྱི་ལས་བྱེད་དང་། ཤེས་རིག་ཁྱབ་ཁོངས་སློབ་གྲྭའི་དགེ་རྒན། ས་རྭ་མཐོ་སློབ་དང་ནོར་གླིང་རིག་གཞུང་སློབ་གཉེར་ཁང་གི་སློབ་ཕྲུག་འཛིན་རིམ་བཅུ་གཉིས་ཐོན་རྗེས་མུ་མཐུད་མཐོ་སློབ་ཏུ་བསྐྱོད་རྒྱུའི་གོ་སྐབས་མ་ཐོབ་པའི་རང་རིགས་ན་གཞོན་རྣམས་ལ་སོ་སོའི་ཤེས་ཚད་གོང་མཐོར་གཏོང་ཐབས་ཆེད་ཡིན་པས། སློབ་ཡོན་ཞུ་འདོད་ཡོད་རིགས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༣༡ འགྱངས་མེད་གཤམ་གསལ་འབྲེལ་ཐག་བརྒྱུད་འཚང་སྙན་དང་དགོས་མཁོའི་ཡིག་ཆ་ཁག་དྲྭ་ཐོག་ནས་འབུལ་དགོས།

སློབ་ཡོན་སྙན་འབུལ་གྱི་སྦྲེལ་ཐག འགེངས་ཤོག་ཀ་ཕབ་ལེན།

དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ།

༡།       “འགེངས་ཤོག་-ཀ” པ་ཞིབ་བཀང་གིས་ས་གནས་འགོ་འཛིན་ནས་དག་མཆན་ཞུ་དགོས།

༢། ད་ལྟ་ཕྱག་ལས་གནང་ཡུལ་གྱི་ལས་ཁུངས་སམ་སློབ་གྲྭའི་འཛིན་སྐྱོང་ནས་དགག་ཆ་མེད་པའི་ངོས་སྦྱོར་ཞུ་དགོས་པ་དང་། ངོས་སྦྱོར་ནང་ཞབས་ལོའི་དུས་ཡུན་ཁ་གསལ་

དགོས་རྒྱུ།

༣།       ཤེས་ཚད་མཐོ་ཤོས་ཀྱི་ཨང་ཐོབ་ཤོག་ལྷེའི་ངོ་བཤུས་ཐོག་ས་གནང་འགོ་འཛིན་དང་།    ཡང་ན་དབུས་བོད་མི་སྒྲིག་འཛུགས་ཀྱི་ཟུང་དྲུང་གནས་རིམ་ཡན་གྱི་སྲི་ཞུ་ལས་

   བྱེད་གང་རུང་ནས་ཞིབ་བཤེར་གནང་བའི་དག་མཆན་ངེས་འགོད་བྱ་དགོས།

སྡེ་ཚན་ཁག་ལ་སློབ་ཡོན་ཆ་བགོས

ཀ༽     བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་དབུས་ས་གཉིས་ཀྱི་ལས་བྱེད་ཆེད་ས་མིག་ ༢༠ ནས་བེུད་ཆེད་ཟུར་བཅད་ས་མིག་ ༥ ཡོད།

ཁ༽      ཤེས་རིག་ཁྱབ་ཁོངས་སློབ་གྲྭའི་དགེ་རྒན་ཆེད་ས་མིག་ ༢༠ ནས་བེུད་ཆེད་ཟུར་བཅད་ས་མིག་ ༥ ཡོད།

ག༽      སྭ་ར་མཐོ་སློབ་དང་ནོར་གླིང་རིག་གཞུང་སློབ་གཉེར་ཁང་གི་སློབ་ཕྲུག་ཆེད་ས་མིག་ ༡༥ ཡོད།

ང༽   འཛིན་རིམ་བཅུ་གཉིས་ཐོན་རྗེས་མུ་མཐུད་མཐོ་སློབ་ཏུ་བསྐྱོད་རྒྱུའི་གོ་སྐབས་མ་ཐོབ་པའི་ན་གཞོན་ཆེད་ས་མིག་ ༢༠ ཡོད།

ཅ༽   གོང་གསལ་སྡེ་ཚན་བཞིའི་ནང་མ་ཚུད་པའི་སྙན་འབུལ་བ་ཁག་ལ་ས་མིག་སྟོང་པ་ལྷག་ཚེ་དགོངས་བཞེས་གནང་རྒྱུ།

སློབ་མ་རྣམས་ཀྱི་ལོ་རེའི་ཡིག་འགྲུལ་གྱི་ཨང་ཐོབ་ཤོག་ལྷེ་འབྱོར་མཚམས་སུ་ཡིག་འགྲུལ་སློབ་ཡོན་སྒོར་ ༡༠༠༠༠།༠༠ གནང་རྒྱུ།

དྭོགས་འདྲི་ཡོད་ཚེ་འབྲེལ་བ་གནང་ཡུལ།

བསོད་ནམས་བཟང་མོ། : [email protected]

སངས་རྒྱས་ལྷ་སྒྲོན།: [email protected]

གསལ་བསྒྲགས་འདོན་མཁན།

Scholarship Section

Department of Education, CTA

Gangchen Kyishong, Dharamsala – 176215

District Kangra, Himachal Pradesh, India

Phone no: 01892-226695, 222572, 222721

Email: [email protected] or [email protected]

Website:  www.sherig.org, www.lamton.org

 

www.facebook.com/doe.lobyon/

 ཟླ་ཚེས།   ༢༠༢༠།༠༦།༢༣

སྔོན་མ།
ཐེམ་སྤང་བཀའ་རྒྱ་བསྡམས་པའི་སྐབས་སུ་འགྲུལ་བསྐྱོད་མི་ཐུབ་པའི་མཐོ་སློབ་སློབ་ཕྲུག་ལ་རོགས་སྐྱོར་ཞུས།
ཕྱི་མ།
ཤེས་རིག་དཔར་ཁང་གི་དཔེ་དེབ་དམིགས་བསལ་ཆ་ཡང་གསལ་བསྒྲགས།
Menu