ཟླ་རེའི་གསར་འགྱུར།

བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་བཞི་ནས་འགྲེམས་སྟོན་ཁག་ལྔ་ནཱེཧ་རུ་རྒྱལ་ཡོངས་ཚན་རྩིས་དང་ཁོར་ཡུག་གི་འགྲེམས་སྟོན་ཐེངས་ ༤༨ པའི་སྟེང་མཉམ་ཞུགས་གནང་གཏན་འཁེལ་བ།

༄༅། །སློབ་ཕྲུག་གི་རིག་རྩལ་གོང་འཕེལ་དུ་འགྲོ་བར་སྡིངས་ཆ་བསྐྲུན་སླད་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་ (NCERT) གིས་ལོ་ལྟར་ནཱེཧ་རུ་རྒྱལ་ཡོངས་ཚན་རྩིས་དང་ཁོར་ཡུག་གི་འགྲེམས་སྟོན་གོ་སྒྲིག་གནང་གི་ཡོད།

དེ་ཡང་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་གི་རྩ་འཛིན་ལམ་སྟོན་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ལོ་ནས་བཟུང་ལོ་ལྟར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་ཚད་མཉམ་ཚན་རྩིས་དང་ཁོར་ཡུག་གི་འགྲེམས་སྟོན་གོ་སྒྲིག་གནང་གི་ཡོད། ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་ཕྱིན་པར་བརྟེན་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༡ ལོའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་ཚད་མཉམ་ཚན་རྩིས་དང་ཁོར་ཡུག་གི་འགྲེམས་སྟོན་ཐེངས་བཞི་པ་དྲ་ཐོག་ནས་གོ་སྒྲིག་གནང་ཡོད།

ཤེས་རིག་ལས་ཁུངས་ནས་རྒྱ་གར་རྒྱལ་ཡོངས་དང་ཚད་མཉམ་གྱི་འགྲེམས་སྟོན་རྩེ་ཕུད་བདུན་འདེམས་སྒྲུག་གནང་སྟེ་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་ལ་ཕུལ་བའི་ཁྲོད་ནས་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་གིས་འགྲེམས་སྟོན་ཁག་ལྔ་ནཱེཧ་རུ་རྒྱལ་ཡོངས་ཚན་རྩིས་དང་ཁོར་ཡུག་གི་འགྲེམས་སྟོན་ཐེངས་༤༨ པར་མཉམ་ཞུགས་བྱ་སླད་བདམས་འདུག   ནཱེཧ་རུ་རྒྱལ་ཡོངས་ཚན་རྩིས་དང་ཁོར་ཡུག་གི་འགྲེམས་སྟོན་ཐེངས་༤༨ པ་དེ་བཞིན་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༨ ནས་ ༡༡ བར་དྲ་ལམ་བརྒྱུད་དབུ་འཛུགས་གནང་གཏན་འཁེལ་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིགས་ལས་ཁུངས་ནས་ཚན་རྩིས་དང་ཁོར་ཡུག་གི་འགྲེམས་སྟོན་ལ་མཉམ་ཞུགས་གནང་མཁན་སློབ་ཕྲུག་ཡོངས་དང་། དེ་བཞིན་སློབ་ཕྲུག་རྣམས་ལ་མཐུན་འགྱུར་རོགས་རམ་གནང་མཁན་དགེ་རྒན་བཅས་ལ་འཚམས་འདྲི་ཞུས་གནང་ཡོད། །

 

S.No. Exhibits Title Participating
Students
Guide Teachers School Name NCERT Portal Link
1 Interactive Bilingual Website Sonam Tsering
Tenzin Dorjee
Ms. Ngawang Palmo

Mr. Tenpa Tharchen

TCV Selakui http://jnnsmee.ncert.org.in/index.php/model/detail/129
2 Eco-Friendly Grey Water Filtration Using EM Tenzin Desal
Tenzin Dekey
Tenzin Woeser
Mr. Lhundup Namgyal TCV Upper Dharamsala http://jnnsmee.ncert.org.in/index.php/model/detail/99
3 Hydroponic Model Nawang Lhamo
Sonam Lhamo
Nyima Gyalpo Tsepa
Ms. Gyaltsen Palmo

Mr. Tenzin Wanga

STS Bylakuppe http://jnnsmee.ncert.org.in/index.php/model/detail/100
4 Waste water treatment Sonam Chosphel
Karma Stanzin
Kunchok Denzom
Dawa Choedon
Pema Dorjee
Ms. Lhakpa Dolkar

Mr. Tenzin Dawa

TCV Chauntra http://jnnsmee.ncert.org.in/index.php/model/detail/101
5 Lungs: Our Vital Respiratory Organ Tenzin Monlam
Tenzin Lhamo
Tenzin Palmo
Mr. Lhundup Namgyal TCV Upper Dharamsala http://jnnsmee.ncert.org.in/index.php/model/detail/114
སྔོན་མ།
ཕྱི་ལོ་ ༢༠༢༣ ལོའི་ཨ་རིའི་བོད་མིའི་སློབ་ཡོན་གསལ་བསྒྲགས།
ཕྱི་མ།
ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་ལྡི་ལིར་ཟབ་སྦྱོང་དུ་མཉམ་ཞུགས་གནང་བ།
Menu