ཟླ་རེའི་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་བོད་སྒྱུར་བྱིས་སྒྲུང་གསར་པ་བཅུ་པར་སྐྲུན་གནང་བ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ པའི་ནང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བོད་སྒྱུར་བྱིས་སྒྲུང་བཅུ་པར་སྐྲུན་ཞུས་ནས། ད་ལྟའི་ཆར་རྒྱ་བལ་གཉིས་ནང་ཡོད་པའི་བོད་པའི་སློབ་གྲྭ་ཁག་གི་དཔེ་མཛོད་དང་། འཛིན་ཁང་དཔེ་མཛོད། ཉལ་ཁང་དཔེ་མཛོད་བཅས་ལ་བགོ་འགྲེམས་ཞུ་མུས་ཡིན་པ་དང་། དེ་ཡང་རང་རིགས་བྱིས་པ་ཚོའི་ཀློག་རྩལ་ཡར་རྒྱས་གཏོང་རྒྱུའི་ཀློག་དེབ་ཀྱི་རྒྱུ་ཆ་ཕུན་སུམ་ཚོགས་སུ་གཏོང་རྒྱུའི་སླད། འདི་ལས་ནས་འདས་པའི་ལོ་མང་རིང་བྱིས་སྒྲུང་གསར་རྩོམ་དང་བོད་སྒྱུར་གྱི་ལས་གཞིའི་ཐད་འབད་བརྩོན་བྱེད་བཞིན་ཡོད་པས། ད་ལྟའི་གནས་སྐབས་སུ་བོད་ཀྱི་སྐད་ཡིག་ཐོག་བྱིས་སྒྲུང་མི་ཉུང་བ་པར་སྐྲུན་ཞུ་ཐུབ་ཡོད།

བྱིས་སྒྲུང་བཅུ་པོ་ནི། <<ཚང་མ་ལ་མིག་ཡོད།>> <<མི་ཚང་མ་ལ་ཨ་མ་ཡོད།>> <<གལ་ཏེ་ང་འཇའ་ཚོན་ཞིག་ཡིན་ན།>> <<བུ་དཔལ་འབྱོར་དང་ཁོའི་སྒྱུ་མའི་རུས་སྦལ།>> <<གྲོགས་ཕན་བྱེད་པའི་གདོན་འདྲེ།>> <<འབུ་ལྷག་སྒྲོན་གྱི་འཚོལ་ཞིབ།>> <<ཨོ་ལོ་རྒང་གིས་བསྐྱབས་པ།>> <<སུན་དཱར་བྷག་གྲོང་ཚོའི་ནང་གི་ངོ་མཚར།>> <<བྲུན།>> <<འགྲུལ་བཞུད་བྱེད་པའི་ས་བོན།>> བཅས་ཡིན་པས། དེ་དག་བོད་སྒྱུར་བྱིས་སྒྲུང་སྡེ་ཚན་གྱི་ཁོངས་སུ་ཆགས་ཀྱི་ཡོད། བྱིས་སྒྲུང་བོད་སྒྱུར་ལས་གཞི་འདི་ཉིད་ཨ་རིའི་རོགས་དངུལ་ (USAID) གྱི་མཐུན་འགྱུར་འོག་པར་འགྲེམས་ཞུས་པ་ཞིག་ཡིན།།

སྔོན་མ།
སམ་བྷོ་ཊ་བོད་སློབ་ཚོགས་པའི་སློབ་གྲྭ་ཁག་གི་ཆེད་དགེ་ལས་འདེམས་སྒྲུག་གི་གྲུབ་འབྲས་གསལ་བསྒྲགས།
ཕྱི་མ།
ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་ཉི་ཤུ་རྩ་དགུ་པ་ལེགས་གྲུབ་ཟིན་པ།
Menu