ཟླ་རེའི་གསར་འགྱུར།

མཐོ་སློབ་ཁག་ཏུ་སྐྱོད་བཞིན་པའི་ཚན་རིག་སློབ་ཕྲུག་རྣམས་ཀྱི་ཆེད་ཉམས་གསོག་སྦྱོང་བརྡར་གསལ་བསྒྲགས།

གསར་འཕྲིན།, གསལ་བསྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གསལ་སྒྲགས་བསྐྱངས་དོན། མཐོ་སློབ་ཏུ་ཚན་རིག་སློབ་གཉེར་གནང་བཞིན་པའི་བོད་པའི་སློབ་ཕྲུག་རྣམས་ལ་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༤ ནས་ཟླ་ ༧ ཚེས་ ༡༤ བར་ཟླ་གཅིག་རིང་ཉམས་གསོག་སྦྱོང་བརྡར་ཞིག་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་རྟེན་གཞི་བྱས་པའི་རྒྱལ་ཡོངས་སྐྱེས་དངོས་ཚན་རིག་ལྟེ་གནས་ཁང་(NCBS)དང་། གྲོང་ཁྱེར་པུ་ནེར་རྟེན་གཞི་བྱས་པའི་རྒྱ་གར་ཚན་རིག་ཤེས་ཡོན་དང་ཞིབ་འཇུག་ལྟེ་གནས་ཁང་(IISER)དུ་གོ་སྒྲིག་གནང་གཏན་འཁེལ་བས། འདོད་བློ་ཡོད་པའི་སློབ་ཕྲུག་རྣམས་ནས་སློབ་གཉེར་ཁང་དེ་གཉིས་སུ་ཉམས་གསོག་སྦྱོང་བརྡར་གྱི་གོ་སྐབས་བླང་དགོས་པའི་འབོད་སྐུལ་ཞུ།
ཉམས་གསོག་སྦྱོང་བརྡར་ལས་གཞི་འདིའི་དགོས་དམིགས་གཙོ་བོ་ནི། ཚན་རིག་སློབ་དཔོན་དག་གི་ལམ་སྟོན་འོག་བོད་པའི་སློབ་ཕྲུག་རྣམས་ལ་ཚན་རིག་ཉམས་ཞིབ་ཀྱི་སྦྱོང་བརྡར་དང་། ཚན་རིག་ཤེས་བྱར་དོ་དབྱིངས་ཀྱིས་མུ་མཐུད་ནས་ཚན་རིག་ཤེས་ཡོན་ཕྱོགས་སུ་ཤར་སྐྱོད་བྱ་ཐུབ་རྒྱུའི་ཆེད་དུ་ཡིན། མཐོ་སློབ་ཏུ་ཀམ་པུ་ཊར་དང་ཨིན་ཇི་ནི་ཡར་མ་ཡིན་པའི་ཚན་རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པ་གནང་བཞིན་པའི་སློབ་ཕྲུག་རྣམས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༡༠ འགྱངས་མེད་འགེངས་ཤོག་བཀང་འབུལ་གནང་དགོས།

ལམ་སྟོན།
ཀ༽ སྙན་ཞུ་འབུལ་མི་རྣམས་ནས་གཤམ་གསལ་སྦྲེལ་ཐག་བརྒྱུད་གུ་གལ་འགེངས་ཤོག་བཀང་འབུལ་གནང་དགོས།
གུ་གལ་འགེངས་ཤོག་གི་སྦྲེལ་ཐག https://forms.gle/mRnsuiH1Zo3QzXxH7
ཁ༽ གོང་གསལ་སྦྲེལ་ཐག་དེ་ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༡༠ ཉིན་དགོང་མོའི་ཆུ་ཚོད་ ༡༡་༥༥ རྗེས་སུ་རང་བཞིན་གྱིས་སྒོ་འཐེབ་ཀྱི་ཡོད་པ་དང་། དེ་རྗེས་སུ་སྙན་ཞུ་ངོས་ལེན་གནང་ཐབས་མེད།
ག༽ འགེངས་ཤོག་ཆ་མི་ཚང་བའམ་ཡང་ན་བདེན་མིན་འགེངས་ཚེ་འགེངས་ཤོག་ངོས་ལེན་ཞུ་ཐབས་བྲལ།
ང༽ འདེམས་སྒྲུག་གི་གཞི་འཛིན་གཙོ་བོ་ནི་འཛིན་རིམ་ ༡༢ དང་མཐོ་སློབ་ཀྱི་བརྒྱ་ཆ། རྩོམ་ཐུང་བཅས་ཡིན།
ཅ༽ སྦྲག་ཐོག་དང་། ཀཽ་རི་ཡར། གློག་འཕྲིན་བཅས་བརྒྱུད་སྙན་ཞུ་ཕུལ་འབྱོར་བྱུང་བ་རྣམས་བརྩི་མེད་ཡིིན།
ཆ༽ འགེངས་ཤོག་འགེངས་སྐབས་གཤམ་འོག་གི་ཡིག་ཆ་རྣམས་སྤྱོད་བདེའི་ཡིག་སྒྲོམ་(PDF)ཐོག་འཇུག་དགོས།
༡། ཕྱི་ལོ་ ༢༠༢༣ བར་གྱི་དང་བླངས་དཔྱ་དངུལ་གཙང་འབུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས།
༢། རྒྱ་གར་ནང་གཏན་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ཀྱི་ངོ་བཤུས།
༣། མཐོ་སློབ་ཀྱི་བདེན་དཔང་རྒྱབ་གཉེར་རམ་ངོ་སྤྲོད་ལག་འཁྱེར་ཀྱི་ངོ་བཤུས།
༤། འཛིན་རིམ་བཅུ་གཉིས་ཀྱི་གྲུབ་འབྲས་ཨང་ཤོག་གི་ངོ་བཤུས།
༥། མཐོ་སློབ་ཀྱི་གྲུབ་འབྲས་ཨང་ཤོག་གི་ངོ་བཤུས། (མཐོ་སློབ་ཀྱི་ཡིག་རྒྱུགས་བཏང་ཟིན་པའི་བརྒྱ་ཆ།)
༦། རང་ཉིད་ཀྱི་ཕྱེད་པར། (JPG)
༧། རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས། (CV)
ཇ༽ འདེམས་སྒྲུག་ཟིན་པའི་སློབ་ཕྲུག་རྣམས་ལ་ལམ་གྲོན་དང་ཟུར་ཕོགས་སོགས་ཤེས་རིག་ལས་ཁུངས་ནས་མཐུན་འགྱུར་ཞུ་རྒྱུ།

འབྲེལ་གཏུག་བྱ་ཡུལ།
ཚན་རིག་ཤེས་ཡོན་འགན་འཛིན་རྡོ་རྗེ་དབང་འདུས།
ཁ་པར་ཨང་གྲངས།་༩༠༠༠༡༤༦༧༧༧

Announcement in Tibetan
སྔོན་མ།
ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་སུམ་ཅུ་སོ་དྲུག་པ་ལེགས་གྲུབ་ཟིན་པ།
ཕྱི་མ།
ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༥ ལོའི་ཨ་རི་བོད་མིའི་སློབ་ཡོན་ལས་གཞིའི་ཁོངས་སུ་ཚུད་པར་སྔོན་འགྲོའི་ཡིག་རྒྱུགས་འགོ་འཛུགས་གནང་བ།
Menu