༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༦ ཉིན་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(CBSE) ཀྱི་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་བའི་ནང་བོད་པའི་སློབ་གྲྭ་ཁག་གི་རྒྱུགས་འཕྲོད་པའི་ཆ་སྙོམ་གྱི་བརྒྱ་ཆ་ ༩༡ ཡིན་པ་དང་། སྔ་ལོའི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༨༧་༤༧ ཡིན་སྟབས་དེ་སྔ་ལས་བརྒྱ་ཆ་མཐོ་བ་ལོན་ཡོད།
དེ་ཡང་འདི་ལོའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་ཕྲུག་གྲངས་ ༡༢༣༦ དངོས་སུ་ཡིག་རྒྱུགས་ནང་འཛུལ་ཞུགས་བྱས་པའི་ཁོངས་ནས་སློབ་ཕྲུག་གྲངས་ ༡༡༤༡ ཡིག་རྒྱུགས་འཕྲོད་ཡོད་པ་དང་། བསྐྱར་དུ་ཡིག་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་ ༨༩ ། ཡིག་རྒྱུགས་མ་འཕྲོད་པའི་སློབ་མ་གྲངས་ ༦ བྱུང་ཡོད།
འདི་ལོའང་འཛིན་རིམ་བཅུ་པའི་ཡིག་རྒྱུགས་འཕྲོད་ཚད་ཀྱི་བརྒྱ་ཆ་དེ་བོད་སློབ་ཁག་གི་ནང་བུ་ལས་བུ་མོའི་བརྒྱ་ཆ་མཐོ་བ་ལོན་ཡོད། བུའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༨༨ ཡིན་པ་དང་། བུ་མོའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༩༣ ཡིན།
ཨང་། | སློབ་གྲྭ། | ཕྲུག་གྲངས། | རྒྱུགས་འཕྲོད་པ། | |
ད་ལོ། | སྔ་ལོ། | |||
༡ | སེ་ལ་ཀུའི་བོད་ཁྱིམ། | ༤༩ | ༡༠༠ | ༡༠༠ |
༢ | རཇཱ་པུར་བོད་ཁྱིམ། | ༢༩ | ༡༠༠ | ༨༣.༥༦ |
༣ | ཀ་སྦུག་གཏན་སློབ། | ༣༨ | ༡༠༠ | ༥༣.༣༣ |
༤ | ཅོན་ཏ་ར་སཾབྷོ་ཊ། | ༢༠ | ༡༠༠ | ༩༣.༧༥ |
༥ | སྦེལ་ཀོབ་སཾབྷོ་ཊ། | ༡༤ | ༡༠༠ | ༡༠༠ |
༦ | མ་སུ་རི་གཏན་སློབ། | ༣༩ | ༡༠༠ | ༧༩.༢༥ |
༧ | སྤོན་ཊ་སཾབྷོ་ཊ། | ༢༦ | ༡༠༠ | ༡༠༠ |
༨ | ཅོན་ཏ་ར་བོད་ཁྱིམ། | ༩༠ | ༩༨.༨༩ | ༩༣.༣༣ |
༩ | སུ་ཇཱ་བོད་ཁྱིམ། | ༩༥ | ༩༨.༨༥ | ༡༠༠ |
༡༠ | མ་སུ་རི་བོད་ཁྱིམ། | ༧༢ | ༩༨.༦༡ | ༩༤.༦༧ |
༡༡ | མོན་གྷོ་ཊི་སཾབྷོ་ཊ། | ༣༨ | ༩༧.༡༤ | ༧༥.༥༡ |
༡༢ | ཧ་པ་པུར་གཏན་སློབ། | ༦༥ | ༩༦.༨༨ | ༡༠༠ |
༡༣ | སིམ་ལ་གཏན་སློབ། | ༥༧ | ༩༦.༤༣ | ༡༠༠ |
༡༤ | ཌོ་ལན་ཇི་སཾབྷོ་ཊ། | ༢༥ | ༩༦. | ༨༨.༡ |
༡༥ | བདེ་སླར་སཾབྷོ་ཊ། | ༡༩ | ༩༤.༧༤ | ༨༠ |
༡༦ | གོ་པལ་པུར་བོད་ཁྱིམ། | ༧༢ | ༩༤.༢༩ | ༨༢.༧༦ |
༡༧ | སོ་ན་འདའ་སཾབྷོ་ཊ། | ༡༧ | ༩༤.༡༢ | ༩༣.༣༣ |
༡༨ | དྷ་སྟེང་བོད་ཁྱིམ། | ༡༣༩ | ༩༣.༤༣ | ༩༥.༩༣ |
༡༩ | དོན་གྲུབ་གླིང་སློབ་གྲྭ། | ༡༡ | ༩༠.༩༡ | ༡༠༠ |
༢༠ | ཧུན་སུར་སཾབྷོ་ཊ། | ༢༤ | ༨༩.༤༧ | ༡༠༠ |
༢༡ | དྷ་ཤོད་བོད་ཁྱིམ། | ༤༨ | ༨༧.༢༣ | ༨༣.༦༤ |
༢༢ | སྦེལ་ཀོབ་བོད་ཁྱིམ། | ༨༦ | ༨༥.༨༨ | ༩༠.༦༧ |
༢༣ | ཌལ་ཧོར་གཏན་སློབ། | ༦ | ༨༣.༣༣ | ༧༨.༥༧ |
༢༤ | ལ་དྭགས་བོད་ཁྱིམ། | ༡༣༠ | ༨༡.༣ | ༧༦.༩༢ |
༢༥ | ཀོ་ལེ་གྷལ་སཾབྷོ་ཊ། | ༡༧ | ༧༣.༣༣ | ༧༣.༦༨ |
༢༦ | རྡོར་གླིང་གཏན་སློབ། | ༣༠ | ༥༡.༧༢ | ༥༥.༡༧ |
༢༧ | ཨོ་རི་ས་སཾབྷོ་ཊ། | ༡༦ | ༥༠. | ༡༠༠ |
ཁྱོན་བསྡོམས། | ༡༢༧༢ | ༩༢.༣༡ | ༨༧.༤༧ |
གྲུབ་འབྲས་རྩེ་ཕུད།
༡. བསྟན་འཛིན་ལེགས་བཟང་། བརྒྱ་ཆ་ ༩༥.༦ ར་ཇཱ་པུར་བོད་ཁྱིམ།
༢. རིཤི་མི་ཏ་ མོ་རེ་ཡ། བརྒྱ་ཆ་ ༩༥ ཧ་པར་པུར་གཏན་སློབ།
༣. ཀུ་ཤི་གོ་ཏཱམ། བརྒྱ་ཆ་ ༩༤.༤ ཧ་པར་པུར་གཏན་སློབ།
༤. བསྟན་འཛིན་བཟང་མོ། བརྒྱ་ཆ་ ༩༤.༢ མ་སུ་རི་བོད་ཁྱིམ།
༤. བསྟན་འཛིན་ཟླ་འོད། བརྒྱ་ཆ་ ༩༤.༢ སུ་ཇཱ་བོད་ཁྱིམ།
༥. བདེ་སྐྱིད་གཡང་འཛོམས། བརྒྱ་ཆ་ ༩༤ མ་སུ་རི་བོད་ཁྱིམ།