༄༅། །༢༠༢༠ ཟླ་ ༧ ཚེས་ ༡༣ ཉིན་རྒྱ་གར་རྒྱལ་ཡོངས་ཀྱི་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་ AISSCE གྲུབ་འབྲས་ཐོན་པ་ལྟར། རྒྱ་གར་རྒྱལ་ཡོངས་ཀྱི་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ནང་བོད་པའི་སློབ་གྲྭ་ཁག་ ༡༧ ནས་སློབ་ཕྲུག་གྲངས་ ༡༠༡༦ འཛུལ་ཞུགས་བྱས་ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་ ༩༩༨ ཡིག་རྒྱུགས་འཕྲོད་ཡོད་པ་དང་། བསྐྱར་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་ ༡༧ ཡོད། ཡིག་རྒྱུགས་མ་འཕྲོད་པའི་སློབ་མ་གྲངས་ ༡ བཅས་བྱུང་འདུག ཁྱོན་ཡོངས་ཀྱི་བཙན་བྱོལ་བོད་མིའི་སློབ་གྲྭའི་བརྒྱ་ཆ་ནི་ ༩༨.༢༣ ལོན་ཡོད་པར་བརྟེན་སྔ་ལོའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ལས་བརྒྱ་ཆ་  ༡.༢༣  འཕར་ཆ་བྱུང་ཡོད།

ཕྱོགས་མཚུངས་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ CBSE  ཀྱི་འཛིན་རིམ་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་ནང་བོད་སློབ་ཁོངས་ནས་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༡༠༠ ནས་ ༡༠༠ ལེན་མཁན་སློབ་གྲྭ་བཅུ་བྱུང་འདུག

དེ་ཡང་འདི་ལོའི་ཡིག་རྒྱུགས་ཆེན་མོའི་ནང་སྲིད་སྐྱོང་སློབ་ཡོན་ཐོབ་མཁན་སློབ་ཕྲུག་གྲངས་ ༡༩ དང་། བརྒྱ་ཆ་ ༩༠ ཡན་ལོན་པའི་སློབ་ཕྲུག་གྲངས་ ༩༡ བྱུང་འདུག

ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་ཕྲུག་གྲངས་ ༡༠༡༦ དངོས་སུ་ཡིག་རྒྱུགས་ནང་འཛུལ་ཞུགས་བྱས་པའི་ཁོངས་ནས་སློབ་ཕྲུག་གྲངས་ ༩༩༨ ཡིག་རྒྱུགས་འཕྲོད་ཡོད་པ་དང་། བསྐྱར་དུ་ཡིག་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་ ༡༧ ། ཡིག་རྒྱུགས་མ་འཕྲོད་པའི་སློབ་མ་༡་བཅས་བྱུང་འདུག

ཕྱི་ལོ་༢༠༢༠ ལོའི་བཙན་བྱོལ་བོད་མིའི་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་གྲུབ་འབྲས་རེའུ་མིག
ཨང་། སློབ་གྲྭ། ཕྲུག་གྲངས། འཛུལ་ཞུགས། འཕྲོད་པ། བརྒྱ་ཆ།
          ད་ལོ། སྔ་ལོ།
མ་སུ་རི་བོད་ཁྱིམ། ༡༢༣ ༡༢༡ ༡༢༡ ༡༠༠ ༡༠༠
སེ་ལ་ཁུའེ་བོད་ཁྱིམ། ༧༠ ༧༠ ༧༠ ༡༠༠ ༡༠༠
ཌོ་ལན་ཇི་སཾབྷོ་ཊ། ༡༤ ༡༡ ༡༡ ༡༠༠ ༧༦.༤༧
སྤོན་ཊ་སྃབྷོ་ཊ། ༢༧ ༢༧ ༢༧ ༡༠༠ ༡༠༠
སྦེལ་ཀོབ་སཾབྷོ་ཊ། ༢༢ ༢༡ ༢༡ ༡༠༠ ༡༠༠
སུ་ཇཱ་བོད་ཁྱིམ། ༨༤ ༨༣ ༨༣ ༡༠༠ ༡༠༠
དོན་གྲུབ་སློབ་གྲྭ། ༡༠༠ ༡༠༠
གོ་པལ་པུར་བོད་ཁྱིམ། ༨༣ ༨༣ ༨༣ ༡༠༠ ༩༨.༦༣
དྷ་སྟེང་བོད་ཁྱིམ། ༨༤ ༨༤ ༨༤ ༡༠༠ ༡༠༠
༡༠ ཀ་སྦུག་གཏན་སློབ། ༤༩ ༤༩ ༤༩ ༡༠༠ ༡༠༠
༡༡ ཧ་པུར་གཏན་སློབ། ༤༧ ༤༧ ༤༦ ༩༧.༨༧ ༩༤.༢༣
༡༢ མོན་གྷོ་ཊི་སཾ་བྷོ་ཊ། ༧༠ ༦༦ ༦༤ ༩༦.༩༧ ༩༦.༣༩
༡༣ རྡོར་གླིང་གཏན་སློབ། ༣༡ ༣༠ ༢༩ ༩༦.༦༧ ༨༨.༡
༡༤ སྦེལ་ཀོབ་བོད་ཁྱིམ། ༢༢༤ ༢༢༣ ༢༡༥ ༩༦.༤༡ ༩༧.༠༦
༡༥ མ་སུ་རི་གཏན་སློབ། ༧༤ ༧༣ ༦༩ ༩༤.༥༢ ༩༣.༥༥
༡༦ སིམ་ལ་གཏན་སློབ། ༢༣ ༢༣ ༢༡ ༩༡.༣༠ ༩༥.༦༥
  ཁྱོན་བསྡོམས། ༡༠༣༠ ༡༠༡༦ ༩༩༨ ༩༨.༢༣ ༩༧.༠༩

རྒྱུགས་འབྲས་རྩེ་ཕུད།

ཚན་རིག་རྩེ་ཕུད།
༡. ཀུན་དགའ་ལེགས་བྱུང་། མ་སུ་རི་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༩.༢།
༢. སྒྲོལ་མ་ཆོས་འཛོམས།། མ་སུ་རི་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༦.༤།
༣. ཀུན་དགའ་བཀྲ་ཤིས། མ་སུ་རི་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༥.༨།


ཚོང་རིག་རྩེ་ཕུད།
༡. བསྟན་འཛིན་ནོར་སྒྲོན། མ་སུ་རི་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༦.༨།
༢. བསྟན་འཛིན་དབང་མོ། མ་སུ་རི་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༤.༨།
༣. རིན་ཆེན་སྒྲོལ་མ། མ་སུ་རི་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༣.༢།

སྒྱུ་རྩལ་རྩེ་ཕུད།
༡. བསོད་ནམས་སྟོབས་རྒྱལ། མ་སུ་རི་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༨.༦།
༢. བསྟན་འཛིན་ཉི་མ། མ་སུ་རི་བོད་ཁྱིམ་སློབ་གྲྭ། བརྒྱ་ཆ་ ༩༨.༢།
༣. བསྟན་འཛིན་ཚེ་རིང་། ཧ་པུར་གཏན་སློབ། བརྒྱ་ཆ་ ༩༦.༨།

ཕྱི་ལོ་ ༢༠༢༠ ལོའི་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་རེའུ་མིག

Menu