ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ཀྱི་བཀའ་ཟུར་དང་དྲུང་ཟུར་ལྷན་རྒྱས་བར་མཇལ་འཕྲད་གནང་བ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༦ ཚེས་ ༡༡ བོད་ཟླ་ ༥ ཚེས་ ༥ བོད་རྩིས་ཀྱི་འཁྲུངས་སྐར་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཟུར་པ་དང་། སྨན་རྩིས་ཁང་། སྐུ་སྲུང་ཟུར་པ་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་བསྟུན་ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལས་བྱེད་ཟུར་པ་ཚོར་ལྷན་ཁང་ཁག་ཏུ་ཉམས་མྱོང་བརྗེ་རེས་ཀྱི་གོ་སྐབས་ཤིག་གནང་བ་དང་། སྐབས་དེར་ཤེས་རིག་ལས་ཁུངས་སུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལྷན་བཞུགས་ཐོག་བཀའ་ཟུར་ཁག་ཅིག་དང་། དྲུང་ཟུར་ཁག་ཅིག་ནས་འདི་ག་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་དྲུང་ཆེ་མཆོག་མཇལ་འཕྲད་གནང་ཡོད།

སྔོན་མ།
སློབ་ཕྲུག་རིགས་ལམ་རྒྱུས་སྟོན་པ་གསོ་སྐྱོང་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དབུ་འཛུགས།
ཕྱི་མ།
མོན་གྷོ་རུ་ཤེས་ཡོན་སྲིད་བྱུས་ཀྱི་ཟབ་སྦྱོང་འགོ་འཛུགས་གནང་བ།
Menu