ཟླ་རེའི་གསར་འགྱུར།

ཤེས་རིག་པར་ཁང་གི་ས་མིག་གསལ་བསྒྲགས།

གསལ་བསྒྲགས།

༄༅། །རྡ་ས་ཤེས་རིག་དཔར་ཁང་ཡན་ལག་ཡིག་ཚང་དུ་ཡན་ལག་འགན་འཛིན་ Branch Manager གཅིག་ལས་བྱེད་ངོ་མ་ཐོག་ས་མིག་གཅིག་སྟོང་པ་ཡོད་པའི་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་སོ་སོའི་ལག་འཁྱེར་ཡིག་ཆ་ཁག་དང་སྦྲགས་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢༧ འགྱངས་མེད་སྙན་ཞུ་དང་མི་ཚེའི་ལོ་རྒྱུས་མདོར་བསྡུས་ཞིག་ Curriculum Vitae འབུལ་དགོས་རྒྱུ།
སྙན་ཞུའི་ནང་སོ་སོའི་ཁ་བྱང༌། ཞལ་པར་ཨང༌། གློག་འཕྲིན་ཨང་བཅས་ཁ་གསལ་འགོད་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་སྙན་ཞུ་འབུལ་འབྱོར་རིགས་རང་བཞིན་གྱིས་རྩིས་མེད་ཡིན། ལག་འཁྱེར་ངོ་མ་ཞིབ་བཤེར་ཆེད་དངོས་གཞིའི་རྒྱུགས་སྤྲོད་སྐབས་མཉམ་འཁྱེར་དགོས། ཆ་རྐྱེན་ཚང་བའི་སྙན་འབུལ་ཁག་ལ་དབྱིན་བོད་གཉིས་ཀྱི་ཡིག་རྒྱུགས་དང་ངག་རྒྱུགས་ཀམ་སྤུ་ཌར་བཅས་འདེམས་རྒྱུགས་ཀྱི་ལམ་ནས་གདམ་རྒྱུ་ཡིན།
འདེམས་རྒྱུགས་བྱ་ཡུལ་དང་ཚེས་གྲངས་སྙན་ཞུ་དུས་གཙང་རྗེས་དོ་བདག་སོ་སོར་བརྡ་ལན་སྤྲོད་རྒྱུ་ཡིན། རྒྱུགས་སྤྲོད་དུ་ཕེབས་སྐབས་ཀྱི་འགྲོ་གྲོན་རྣམས་དོ་བདག་རང་ཉིད་ནས་གཏོང་དགོས་པ་ཡིན།

དགོས་མཁོའི་ཆ་རྐྱེན་གཤམ་གསལ།

  1. གཙུག་ལག་རབ་འབྱམས་པ། BCom/ BA / BSc. or Equivalent ཐོན་པའི་ལག་འཁྱེར་ཡོད་པ་དང་འཛིན་སྐྱོང་ཉམས་མྱོང་ལོ་ལྔ་དགོས་རྒྱུ།
  2. རྩིས་ཀྱི་སློབ་སྦྱོང་ BCom ཐོན་པ་ལ་དམིགས་བསལ་དགོངས་བཞེས་ཡོད།
  3. ཕྱི་ལོ་ ༢༠༡༩།༠༣།༣༡ བར་དྭངས་བླངས་དཔྱ་དངུལ་ཆ་ཚང་ཕུལ་ཟིན་པའི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་བཤུས་དགོས་རྒྱུ།
  4. རྒྱ་གར་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུས་པའི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་བཤུས་དགོས་རྒྱུ།
  5. ཕྱི་ལོ་ ༢༠༡༩།༠༦།༣༠ བར་རང་ལོ་ ༤༠ ལས་མ་བརྒལ་བ་དགོས་རྒྱུ།
  6. ངོས་འཛིན་ཡོད་པའི་སྨན་ཁང་ཞིག་ནས་གཟུགས་གཞི་བདེ་ཐང་ཡིན་པའི་སྨན་པའི་ངོས་སྦྱོར་དགོས་རྒྱུ།
  7. ལས་ཀ་བྱེད་བཞིན་པ་ཡིན་ན་ལས་ཡུལ་ནས་དགག་བྱ་མེད་པའི་ངོས་སྦྱོར་དགོས་རྒྱུ།
  8. གོང་གསལ་ལག་འཁྱེར་དང་ཡིག་ཆའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཁག་གི་ཟུང་དྲུང་ཡན་དང་ཡང་ན་ས་གནས་འགན་འཛིན་གང་རུང་གི་དག་མཆན་འཁོད་དགོས་རྒྱུ།

ལས་བྱེད་བསྐོ་བཞག་གི་ཡིག་རྒྱུགས་ཐད།

གོང་གསལ་དགོས་མཁོའི་ཆ་རྐྱེན་ཐོག་དབྱིན་བོད་གཉིས་ཀྱི་འབྲི་རྒྱུགས་དང༌། ངག་རྒྱུགས། ཀམ་སྤུ་ཌར་བཅས་ཡོད།

གསོལ་ཕོགས་དང་མཐུན་རྐྱེན།

དོ་བདག་ལ་ཕོགས་རིམ་བཞི་པའི་ཟླ་རེར་ཧིན་སྒོར། ༢༣༤༨༤།༠༠ དང་ལས་ཤག་གོ་སྒྲིག་ཡོད། ཟླ་དྲུག་ཚོད་ལྟའི་དུས་ཡུན་རྫོགས་མཚམས་ལས་བྱེད་ངོ་མར་བསྐོ་བཞག་འོས་མཚམས་ཤེས་དཔར་སྒྲིག་གཞི་ནང་གསལ་སྤྱི་མཚུངས་ལྟར་ཐོབ་རྒྱུ་བཅས། །

The Director,
Sherig Parkhang Trust,
R-27 & 28, Ramesh Park,
Laxmi Nagar, Delhi – 110092
Tel: 011-22453672 (O), Tele Fax: 011-22455634 (O) & 011-22013260 (R)
E-mail- [email protected]

སྔོན་མ།
ཕྱི་ལོ་ ༢༠༡༩ ལོའི་སྲིད་སྐྱོང་གཟེངས་བསྟོད་གསལ་བསྒྲགས།
ཕྱི་མ།
ཨང་རྩིས་སྦྱོང་དེབ་ཁག་གཉིས་ཀྱི་བསྐྱར་ཞིབ།
Menu