དཔར་སྐྲུན་གསལ་བཤད།

༄༅། །བཙན་བྱོལ་བོད་མིའི་འབྲས་ཆེ་ཤོས་ཤེས་ཡོན་སློབ་གསོ་དང་མང་གཙོའི་ལམ་སྲོལ་གཉིས་ཐད་ནས་བླངས་ཡོད་པར་ཡོངས་ཁྱབ་ངོས་འཛིན་བྱེད་པ་ལྟར། ཤེས་ཡོན་སློབ་གསོ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་སྟོབས་ཤུགས་ངོ་མ་ཡིན་གཤིས། བཙན་བྱོལ་དུ་ཡོད་པའི་བོད་མི་ཆིག་འབུམ་ལྷག་གིས་བོད་མི་རིགས་རང་ཉིད་ཀྱི་ངོས་འཛིན་ཉམས་བརླགས་མ་བྱུང་ཐོག འདབ་གཤོག་ཟུང་ལྡན་གྱི་ཤེས་ཡོན་སློབ་གསོའི་ལམ་སྲོལ་གསར་གཏོད་ཀྱིས་འཛམ་གླིང་མི་མང་ལ་མིག་དཔེ་བཟང་པོ་ཞིག་བསྐྲུན་ཐུབ་བྱུང་བ་དང་། ཤེས་ཡོན་གྱི་རྨང་གཞི་ལ་བརྟེན་ནས་བོད་ཀྱི་བདེན་དོན་འཐབ་རྩོད་ལ་ནུས་པ་དང་ངར་ཤུགས་ཇེ་ཆེར་སོང་བ་བཅས་བཟང་ཕྱོགས་ཀྱི་འགྱུར་བ་འདི་དག་གི་འབྱུང་རྩ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་ཐུག་ཡོད་པ་སྨོས་མ་དགོས། འདས་པའི་དུས་རབས་ཕྱེད་ཙམ་གྱི་ནང་བྱུང་བའི་བོད་མི་སྐྱབས་བཅོལ་བའི་ཤེས་ཡོན་སློབ་གསོའི་འཕེལ་རིམ་དང་གྲུབ་འབྲས་ལ་གདེང་འཇོག་ཡང་དག་བྱེད་པ་དང་ཆབས་ཅིག དྲང་ལྡོག་གི་བསླབ་བྱ་དང་ཉམས་མྱོང་སྡུད་ལེན་གྱིས་མ་འོངས་མདུན་བསྐྱོད་བྱ་རྒྱུ་གལ་འགངས་ཧ་ཅང་ཆེ་བས། འདིར་བཙན་བྱོལ་བོད་མིའི་ཤེས་ཡོན་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཕྱོགས་བསྒྲིགས་ཞེས་པའི་དེབ་ཅིག་བསྒྲིགས་དཔར་འགྲེམས་སྤེལ་བྱས་པ་ཡིན།
འདས་པའི་ལོ་ངོ་ལྔ་བཅུ་ལྷག་གི་བཙན་བྱོལ་དུས་ཡུན་རིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་མངོན་གཟིགས་ཀྱི་བཀའ་སློབ་ལམ་སྟོན་གྱི་དགོངས་གཞིའི་འོག བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སློབ་གསོའི་བྱ་གཞག་གི་འཕེལ་རིམ་སྤྱི་ཁོག་ཕྱི་ནང་གི་བོད་མི་སྤྱི་དང་། ཁྱད་པར་གཞོན་སྐྱེས་རྣམས་ཀྱིས་མཁྱེན་རྟོགས་དང་རྒྱུས་མངའ་ཡོང་ཐབས་བྱ་རྒྱུ་གལ་འགངས་ཧ་ཅང་ཆེ་གཤིས། བཙན་བྱོལ་གྱི་དུས་སྐབས་སོ་སོར་ཤེས་ཡོན་སློབ་གསོའི་ལས་དོན་ཐོག་དཀའ་ངལ་གང་དག་ལ་གདོང་ལེན་ཇི་ལྟར་གནང་ཚུལ་དང་། དུས་རིམ་གྱི་ཁྱད་ཆོས་ལེགས་པར་མཚོན་པའི་ལོ་རྒྱུས་རང་བཞིན་ཅན་གྱི་དོན་ཆེན་ཏེ། ཤེས་རིག་ཚོགས་ཆེན་རིམ་པའི་གྲོས་ཆོད་དང་། བཀའ་ཤག་གཞུང་འབྲེལ་གསུང་བཤད། ཤེས་རིག་དྲུང་ཆེའི་ལས་སྡོམ་སྙན་ཐོ། གཞི་རིམ་སློབ་གྲྭའི་འགན་འཛིན་ཚོགས་ཆེན་གྱི་གྲོས་ཆོད་སོགས་གལ་ཆེའི་ཡིག་ཆ་ཁག་ཅིག་ཕྱོགས་བསྒྲིགས་བྱས་པ་ཡིན་ན། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་ཐུགས་སྣང་གིས་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་ལྷུག་སྩོལ་ཡོང་བའི་རེ་འདུན་བཅས། ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་ནས།

བོད་རྒྱལ་ལོ་༢༡༤༠ ཕྱི་ལོ་༢༠༡༣ ཟླ་༦ ཚེས་༢༧ ཉིན་བྲིས།
དྲུང་འཕར་བཀྲ་ཤིས་དོན་གྲུབ།

སྤྱི་ཁྱབ་རྩོམ་སྒྲིག་པ།         དྲུང་འཕར་བཀྲ་ཤིས་དོན་གྲུབ།
ལག་བསྟར་རྩོམ་སྒྲིག་པ།     འཇམ་དབྱངས།
རྒྱབ་ཤ་ཇུས་འགོད།        འཇམ་དབྱངས།

དཀར་ཆག

༸ གོང་ས་མཆོག་གི་བཀའ་སློབ།

ཤེས་རིག་ཚོགས་ཆེན་དང་པོར་བསྩལ་བའི་བཀའ་སློབ།
ཤེས་རིག་ཚོགས་ཆེན་གཉིས་པར་བསྩལ་བའི་བཀའ་སློབ།
ཤེས་རིག་ཚོགས་ཆེན་གཉིས་པའི་ཚོགས་བཅར་བར་བསྩལ་བའི་བཀའ་སློབ།
ཤེས་རིག་དམིགས་བསལ་ཚོགས་འདུའི་ཚོགས་བཅར་བར་བསྩལ་བའི་བཀའ་སློབ།
ལས་དོན་གལ་ཆེའི་ཚོགས་འདུར་ཕེབས་མཁན་ཚོར་བསྩལ་བའི་བཀའ་སློབ།
ཤེས་རིག་ཚོགས་ཆེན་གསུམ་པར་བསྩལ་བའི་བཀའ་སློབ།
རིག་གནས་བགྲོ་གླེང་ཚོགས་འདུར་བསྩལ་བའི་བཀའ་སློབ།
ཤེས་རིག་ཚོགས་ཆེན་བཞི་པར་བསྩལ་བའི་བཀའ་སློབ།
ཤེས་རིག་ཚོགས་ཆེན་ལྔ་པར་བསྩལ་བའི་བཀའ་སློབ།

བཀའ་ཤག་གི་གསུང་བཤད།

ཤེས་རིག་ཚོགས་ཆེན་བཞི་པའི་བཀའ་ཤག་གི་གསུང་བཤད།
ཤེས་རིག་ཚོགས་ཆེན་ལྔ་པའི་བཀའ་ཤག་གི་གསུང་བཤད།

ལས་དོན་སྙན་ཐོ།

ཤེས་རིག་ཚོགས་ཆེན་ལྔ་པའི་ཤེས་རིག་ལས་ཁུངས་ཀྱི་ལས་དོན་སྙན་ཐོ།

ཤེས་རིག་ཚོགས་ཆེན་གྱི་གྲོས་ཆོད།

ཤེས་རིག་ཚོགས་ཆེན་དང་པོའི་གྲོས་ཆོད།
ཤེས་རིག་ཚོགས་ཆེན་གཉིས་པ།
ཤེས་རིག་ཚོགས་ཆེན་གསུམ་པ།
ཤེས་རིག་ཚོགས་ཆེན་བཞི་པའི་གྲོས་ཆོད།
ཤེས་རིག་ཚོགས་ཆེན་ལྔ་པའི་གྲོས་ཆོད།

འགན་འཛིན་ཚོགས་འདུའི་གྲོས་ཆོད།

འགན་འཛིན་ཚོགས་འདུའི་གྲོས་ཆོད།

བཀའ་ཁྲི་ཟུར་པའི་གསུང་བཤད།

བཀའ་ཁྲི་ཟུར་པའི་བཀའ་སློབ།

མདུན་ཤོག

Menu