[toc]

ར་ཡི་སྡེ་ཚན།

གསལ་བྱེད་ར་དང་ར་ལུག་དང༌། །ར་མ་དང་ནི་ར་ལྤགས་མཉེད། །ར་བས་བསྐོར་དང་རྭ་ཅོ་སོགས། །ར་རྐྱང་རིགས་རྣམས་ཤེས་པར་སླ། །རི་ཁྲོད་ལ་གནས་རི་ཁྲོད་པ། །རི་རབ་རི་རྒྱལ་རི་བོ་མཐོ། །རི་མོ་འབྲི་དང་རི་རྒྱུད་མང༌། །རི་བོའི་གཤམ་དུ་རི་བོང་མང༌། །རི་རྩེར་རི་དྭགས་སྣང་བ་སྐྱིད། །རིམ་པ་བཞིན་དང་རིམས་ནད་འགོ། །རིག་གཞུང་དང་ནི་མི་རིགས་སོགས། །རིན་ཆེན་རིང་ཐུང་རིན་གྱིས་ཉོ། །རེ་རེ་དང་ནི་རེ་ཞིག་དང༌། །རེ་བ་ཆེ་བའི་རེ་འདུན་འགྲུབ། །བྱ་བར་རག་ལས་རག་སྐྱོགས་བཟོས། །རྡོ་རགས་རྩིག་དང་ཕྲ་རགས་དབྱེ། །རང་བཞིན་རང་མཉམ་རང་བཙན་དང༌། །རང་དོན་རང་མགོ་ཐོན་པའི་མི། །རང་རྒྱུད་རང་ཉིད་རང་འཇགས་གནས། །རང་དབང་རང་ཕྱོགས་རང་བྱོན་སོགས། །རབ་བྱུང་དང་ནི་གསུང་རབ་མཉན། །མི་རབས་དུས་རབས་རྒྱལ་རབས་དང༌། །ཚེ་རབས་ཡ་རབས་སྔ་རབས་དང༌། །དེང་རབས་མ་རབས་ལ་སོགས་མང༌། །སྤྱན་རས་གཟིགས་དང་རས་ཆ་ཉོས། །འབྱུང་བཞིའི་རླུང་དང་ནད་ཀྱི་རླུང༌། །རླུང་འཁོར་དང་ནི་རླུང་རྟ་མཐོ། །རླུང་ཚུབ་བརྒྱབ་སོགས་མ་འཁྲུལ་ཨང༌། །

ལ་ཡི་སྡེ་ཚན།

མི་རིགས་ལ་རྒྱ་ལ་དྭགས་ཡུལ། །ལ་ཀླུང་ལ་རྒྱབ་ལ་ཉག་དང༌། །སྦྱོར་བྱེད་ལ་ཆ་ལ་ཕུག་བཟས། །ལ་མོ་བརྒྱབ་སོགས་ལ་རྐྱང་ཡིན། །ལག་པ་ལག་ཤུབས་ཡན་ལག་དང༌། །ལག་ཆ་ལག་ཏུ་ལག་ཁྱེར་འཁུར། །ལག་རྟགས་ལག་རྗེས་ལག་ལེན་དགོས། །ལག་བསྟར་ལག་དེབ་ལག་རྐྱང་ངོ༌། །ཞེ་སའི་ལགས་དང་ལུགས་སྲོལ་བཏོད། །ལམ་ལུགས་བཟང་དང་ཁྲིམས་ལུགས་དགོས། །འགྲོ་ལུགས་སྡོད་ལུགས་གནས་ལུགས་ཤེས། །ལུགས་མཐུན་ལ་སོགས་ཡང་འཇུག་ཡོད། །ལུས་ཁམས་བདེ་དང་ལུས་སྟོབས་རྒྱས། །ལུས་སྲོག་དང་ནི་མ་ལུས་པ། །གད་སྙིགས་བསགས་པའི་ལུད་ཕུང་དང༌། །ཁ་ལུད་སྣ་ལུད་ཐུག་པ་ལུད། །ལས་ཁུངས་ལས་བྱེད་ལས་དོན་སྒྲུབ། །ལས་ཀ་ལས་ཇུས་ལས་རོགས་ཡག །ལས་སྣེ་ལས་འགན་ལས་ལ་འབད། །ལས་དབང་ལས་ཚབ་ལས་དཔོན་བསྐོས། །དེ་དག་མིང་གི་ཆ་ཤས་སོ། །རྒྱ་མཚོ་ལས་ཉ་བ་ལས་བེའུ། །རི་ལས་རྩྭ་དང་མ་ལས་བུ། །སློབ་གྲྭ་ལས་ཐོན་རྟ་ལས་ལྷུང༌། །ལས་སྒྲ་འཇུག་པའི་འབྱུང་ཁུངས་ཡིན། །ཡིག་ལན་བཏང་དང་ཉམས་ལེན་བྱེད། །རྐང་པའི་ལོང་ཚིགས་ལོངས་སྤྱོད་ལྡན། །མིག་ལོང་བ་དང་ལོང་གཏམ་བཤད། །ལེ་ལོ་སྤང་སྟེ་ཤེས་བྱར་བརྩོན། །ལམ་འགྲོ་ལམ་ལུགས་ལམ་སྟོན་གནང༌། །ལམ་རྒྱུས་ལམ་སེང་ལམ་ཟུར་དང༌། །ལམ་རོགས་ལམ་བཟང་ལམ་ཕྱོགས་སོགས། །ལ་ཡི་སྡེ་ཚན་ལེགས་པར་རྫོགས། །

ཤ་ཡི་སྡེ་ཚན།

ཤ་ཚ་ཆེ་དང་ཤ་ཞེན་ཆེ། །བྱ་ཤ་ཉ་ཤ་ཕག་ཤ་སོགས། །ཤ་རིགས་སྤངས་ན་དགེ་རྩ་འཕེལ། །བོད་རིགས་ཤ་སྟག་དགེ་སེམས་ཆེ། །ཤྭ་བ་སེམས་ཆུང་ཤ་ཁྱིས་འདེད། །ཤྭ་ཕྲུག་སྐྱེས་ནས་ཤྭ་བ་འཕེལ། །ཤྭ་བའི་རྭ་ལ་ཤྭ་རྭ་ཟེར། །ཤ་ལ་ཝ་བཏགས་ཐོབ་པ་ཉུང༌། །ལྗོན་ཤིང་ལ་གཅེས་ཤིང་སྐམ་བཅག །པར་ཤིང་དང་ནི་ཤིང་གྲུ་བཟོས། །ཤིང་སོན་ཤིང་བཟང་ཤིང་ཀྱོག་ཀྱོག །ཤིང་ཐོག་ཤིང་གི་འབྲས་བུ་ཡིན། །བཤེས་གཉེན་དགེ་བཤེས་མཛའ་བཤེས་དང༌། །ཤེས་བྱ་ཤེས་རིག་ཡིད་ཀྱི་ཤེས། །ཤེས་རབ་བཟང་དང་ཤེས་ཡོན་ལྡན། །ཤེས་པ་ཅན་གྱིས་ཤེས་སྒྲིབ་སྤངས། །ལེགས་བཤད་དང་ནི་གཏམ་བཟང་བཤད། །ཡིག་ཤད་འབྲི་དང་སྐྲ་ཤད་བརྒྱབ། །ཁྲག་ཤེད་མཐོ་དང་ཤེད་ངོམས་ཆེ། །ཁ་ཤས་དང་ནི་འགའ་ཤས་སོགས། །ཤེལ་གྱི་སྒོ་དང་མིག་ཤེལ་བཟོས། །ཤུབ་བུར་བཤད་དང་གྲི་ཤུབས་སོགས། །ཤུག་པའི་ཤིང་དང་ནུས་ཤུགས་ཆེ། །ཆེ་ཤོས་དང་ནི་སྐད་ཆ་ཤོད། །ཤོག་ལྷེ་དང་ནི་ཤོག་བུའི་གྲངས། །བོད་ཤོག་བཟོ་དང་རྒྱ་ཤོག་དཀར། །རི་གཤམ་དང་ནི་གོས་ཀྱི་གཤམ། །གཤམ་གསལ་ལ་སོགས་མ་ནོར་གཅེས། །ལུང་སྣ་ཤེལ་དཀར་ཤེལ་གྱི་གཏེར། །དིང་རི་ཤེལ་དཀར་གཙང་སྟོད་ཡུལ། །ཤེལ་དམ་ནང་དུ་ཤེལ་ཀ་ར། །གློག་གི་ཤེལ་ཏོག་ཤེལ་རིལ་འགར། །ཆུ་ཤེལ་དང་ནི་རྡོ་ཤེལ་དང༌། །མེ་ཤེལ་དང་ནི་ཤེལ་ཁང་དང༌། །ཤེལ་གྱི་ཕྲེང་བ་ཤེལ་ཁྲ་བཟོས། །སྤྱན་ཤེལ་བསྐྱོན་ཏེ་ཤེལ་ལ་གཟིགས། །དམའ་བའི་གཤོང་དང་སྤང་གཤོངས་དང༌། །ཤིང་གཤོག་པ་དང་བྱའི་གཤོག་པ། །མཆོད་པ་བཤམས་དང་བདེ་བར་གཤེགས། །བྲེ་ལ་གཤོར་དང་ཤར་ཕྱོགས་ཡུལ། །ཞིང་ཁ་རྨོད་བྱེད་ཐོང་གཤོལ་དང༌། །བྱ་བ་བཤོལ་བ་མ་འཁྲུལ་ཨང༌། །སྡོད་ཤག་དང་ནི་ཏིང་ཤགས་བརྡུངས། །གནམ་གཤིས་ལ་སོགས་འཇུག་ཡུལ་མང༌། །བགོ་བཤའ་བརྒྱབ་སྟེ་སྐལ་ཐོབ་འཁུར། །གཤའ་མ་ཞེས་པ་སྤུས་དག་དོན། །པགས་པ་བཤུས་དང་ཡི་གེ་བཤུས། །ཚིག་གྲོགས་གཞིར་བཟུང་ཡིད་ལ་ཟུངས། །

ས་ཡི་སྡེ་ཚན།

ས་གཞི་དང་ནི་ས་མཚམས་སྲུང༌། །ས་ཁྱོན་གང་ཡོད་ས་བཀྲ་བཟོས། །ས་ཆ་ལེགས་སར་ས་བོན་འདེབས། །ས་རྒྱ་ཆེ་དང་ས་ག་ཟླ། །སོ་ནམ་དང་ནི་ཁ་སོ་དང༌། །སོ་ཕག་སོ་སོ་ངོ་སོ་ཆེ། །སང་ལོ་དང་ནི་སང་ཞོགས་ཕེབས། །སང་དགོང་དང་ནི་སང་རས་ཉོས། །སྒྲིབ་གཉིས་སངས་ཏེ་རྫོགས་སངས་རྒྱས། །བསང་རྫས་བཏབ་སྟེ་བསང་གསོལ་བྱས། །གཉིད་སད་པ་དང་ཉམས་སད་པ། །སྟོན་ཀ་ཞིང་ལ་སད་སྐྱོན་བྱུང༌། །ལྷགས་བསིལ་གྲིབ་བསིལ་བསིལ་ལྗོངས་དང༌། །དབུ་བསིལ་ཕྱག་བསིལ་ཞེ་སའི་ཚིག །འབྲས་སིལ་དང་ནི་སིལ་སྙན་དཀྲོལ། །བུད་ཤིང་གསིལ་དང་འཁར་གསིལ་བསྣམས། །གསུང་བཤད་དང་ནི་གསུང་གདངས་སྙན། །གསང་ཉུལ་བ་ཡིས་གསང་གཏམ་བཤད། །གསར་འགྱུར་དང་ནི་གསར་པ་བཟོ། །གསར་གཏོད་བྱེད་དང་གསར་དུ་འབྱོར། །ལ་དོན་སུ་དང་ཕེབས་བསུ་ཞུས། །སུ་ཞིག་ཡིན་ནམ་སུ་ལ་ཡོད། །ཨ་མའི་སྤུན་མཆེད་སྲུ་མོ་དང༌། །སྒྲ་གདངས་འདྲ་ཡང་དག་ཆ་མིན། །ཆོས་རྒྱལ་སྲོང་བཙན་སྒམ་པོ་དང༌། །སྲོང་པོར་སྨྲ་བའི་དྲང་སྲོང་སོགས། །སྲོད་ལ་བདུད་བཏུལ་སྲོལ་རྒྱུན་འཛིན། །རང་རང་འཇུག་ཚུལ་མ་ནོར་གཅེས། །སྐུ་ཚེ་བསྲིངས་ནས་ཡུན་དུ་བརྟན། །སྲན་མ་དང་ནི་སྲན་རྩམ་ཞིབ། །སྲིན་འབུ་མེ་ཁྱེར་མེ་འོད་འབུ། །ལུས་སྲོག་དང་ནི་སྲོག་ཆགས་མང༌། །སྲི་ཞུ་དང་ནི་ཞབས་ཕྱི་བ། །སྲི་དར་ཞེས་པ་མི་ཡི་མིང༌། །བསྲིས་པ་དངོས་རྫས་བསགས་པའི་དོན། །སྣམ་བུ་སྲབ་དང་རྟ་ཡི་སྲབ། །ཤིག་ཕྲུག་སྲོ་མ་མེ་ལ་བསྲེག །ཆབ་སྲིད་དང་ནི་ཡང་སྲིད་བྱོན། །ཇ་སོགས་མེ་ལ་བསྲོ་སྟེ་འཐུང༌། །ས་ལ་ར་བཏགས་ཇི་བཞིན་ཀློགས། །བསླབ་པ་གསུམ་དང་ལྡན་ཞེས་པ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །ཏིང་ངེ་འཛིན་གྱི་བསླབ་པ་དང༌། །ཤེས་རབ་ཀྱི་ནི་བསླབ་པ་གསུམ། །ཡོན་ཏན་བསླབས་ཟིན་མ་བརྗེད་ཨང༌། །མ་འོངས་བསླབ་རྒྱུར་བརྩོན་པ་དགོས། །དགེ་རྒན་བསླབ་བྱ་ཡིད་ལ་ངེས། །དེ་གསུམ་ཚང་ན་ཡོན་ཏན་ལྡན། །སློབ་ཁང་སློབ་དཔོན་སློབ་ཕྲུག་མང༌། །སློབ་གཉེར་སློབ་མ་སློབ་ཐོན་པ། །སློབ་ཆུང་སློབ་གྲོགས་སློབ་ལ་བརྩོན། །སློབ་བཞིན་སློབ་སྟོན་ལ་སོགས་པ། །ཕ་མས་བུ་ཕྲུག་གསོ་སྐྱོང་བྱ། །བུ་གསོ་ཁང་དུ་སློབ་ཕྲུག་མང༌། །གསོ་བ་རིག་པ་སྨན་གྱི་གཞུང༌། །ཉམས་གསོ་བྱས་དང་སློབ་གསོ་བརྒྱབ། །སོག་པོའི་ཡུལ་དང་རྩྭའི་སོག་མ། །ལུས་ཀྱི་སོག་པ་སོག་ལེ་རྣོ། །མང་བའི་སོགས་སྒྲར་ཡང་འཇུག་ཐོབ། །དེ་དག་འཇུག་ཚུལ་མ་ནོར་གཅེས། །པགས་པར་བཟོས་པའི་སློག་པ་དང༌། །དངོས་རིགས་ཕྱིར་སློག་བྱེད་པ་དང༌། །པར་སློག་བྱེད་དང་ཕྱི་ནང་སློག །བསློགས་ཟིན་བསློག་བྱ་སློག་བྱེད་སོགས། །པར་སློག་བརྒྱབས་པའི་དུས་གསུམ་ཡིན། །རིན་ཆེན་གསེར་ལ་གསེར་སྐུ་བཞེངས། །གསེར་ཁྲིར་བཞུགས་དང་གསེར་འཁོར་འབུལ། །ཁ་དོག་སེར་དང་སེར་བ་འབབ། །སེར་སྣ་ཆེ་རྣམས་མ་ནོར་གཅེས། །

མདུན་ཤོག

Menu